From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མེ་ཡི་རྒྱལ་མཚན་ (1)
| Part of speech
|
མིང་ཚིག
|
| Definition
|
དུ་བ་སྟེ། དུ་བའི་ཕུང་བོ་ནམ་མཁར་ལྡིང་བ་རྒྱལ་མཚན་གྱི་ཚུལ་དུ་སྣང་བས་ནའོ། །
|
| Type
|
མངོན་བརྗོད།
|
མེ་ཡི་རྒྱལ་མཚན་ (2)
| Part of speech
|
མིང་ཚིག
|
| Definition
|
དར་རས་དམར་པོས་ཚེམས་པའི་རྒྱལ་མཚན་ནམ། རྒྱལ་མཚན་ལ་མེའི་རིས་བྲིས་པ་ཞིག་ཡིན་ཏེ། བདེ་བར་གཤེགས་པའི་ཐུགས་རྟེན་ཕྱག་མཚན་གྱི་ངོས་འཛིན་གསལ་བྱེད་ཉི་མ་ལས། རྒྱལ་མཚན་དམར་པོ་ལ་མེ་ཡི་རི་མོས་མཚོན་པའོ། །ཞེས་སོ། །དེ་ནི་ཕྱག་ཆ་ཡང་བྱེད་དེ། གཟི་བརྗིད་པོད་གསུམ་པ་ལས། གཡས་པས་མེ་ཡི་རྒྱལ་མཚན་བསྣམས། ཞེས་སོ། །བཟོ་དབྱིབས་ནི་མི་ནུབ་རྒྱལ་མཚན་དང་གཅིག་གོ །
|
| Domain
|
ཆོས་ལུགས།
|