56669

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེ་ལ་རེག་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་མེ་ལ་རྩེ་ཞིང་རེག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་སློང་གིས་ཟས་ཀྱི་གཡོས་བྱེད་ལ་སོགས་ཞུགས་ན་རྣམ་པར་གཡེང་ཞིང་དོན་དང་བྱ་བ་མང་པ་སྟེ། དེའི་མཐའ་དགག་པའི་ཕྱིར་མེ་རེག་བཀག་པ་སྟེ་རྗེན་འཚོད་བཀག་པ་བཞིན་ནོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བུད་ཤིང་གི་ཡུལ་ཅན་མེ་ཡོངས་སུ་རྫོགས་པ་ལ་དུས་དྲན་མ་བྱས་པར་རེག་གམ་རེག་ཏུ་བཅུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ངོ་བོ་ནི། ཆོས་ལྡན་གྱི་བྱ་བའི་ཆེད་དུ་མ་ཡིན་པར་དགེ་སློང་གིས་མེ་ལ་རེག་ཅིང་རྒོད་བག་གིས་རྩེ་བར་བྱེད་པ་དང། གཞན་ཡང་དེ་ལྟར་བྱེད་དུ་བཅུག་པའི་བཅས་པའི་ཁ་ན་མ་ཐོ་བའོ། །དཀོན་མཆོག་གསུམ་དང་མཁན་པོ་དང། སློབ་དཔོན་གྱི་བྱ་བ་དང། རང་གི་ལྷུང་བཟེད་དང། ཆོས་གོས་གྱི་ལས་བྱ་བའི་དུས་དང། དགེ་སློང་ནད་པའི་དོན་དུ་མེ་ལ་རེག་པ་ལ་ལྟུང་བ་མེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།