56677

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེ་ལོང་གི་ཆོས་བཅུ་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལེའུ་སོ་གཉིས་པར་མེ་ལོང་ཡེ་ཤེས་ཀྱི་མཚོན་བྱེད་དུ་བསྟན་པའི་དཔེ་མེ་ལོང་གི་ཆོས་བཅུ་དྲུག་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་ལྟ་བ་པོའི་སྐྱོན་གྱི་དྲི་མ་སེལ་བ་དང༌། དེའི་ཡོན་ཏན་འབྱིན་པས་ལེགས་པ་སྐྱེད་པ་དང༌། མཐོང་བྱ་གསལ་བར་བྱེད་པ་དང༌། དངོས་པོ་གཟུགས་སུ་སྣང་ངོ་ཅོག་གི་གཟུགས་བརྙན་འབྱུང་བ་དང༌། གཟུགས་བརྙན་འབྱུང་བ་ལ་རྩོལ་བ་མེད་པ་དང༌། འཕྲལ་དུ་མངོན་པར་རྩོལ་བའི་འདུ་བྱ་བ་མེད་པ་དང༌། གཟུགས་བརྙན་དང་མཐོང་བྱ་མཐོང་བྱེད་སོ་སོ་མ་ཡིན་པས་ལྡན་པ་མ་ཡིན་པ་དང༌། མེ་ལོང་གི་ནང་ན་གསལ་བས་མི་ལྡན་པ་མ་ཡིན་པ་དང༌། གཟུགས་བརྙན་དངོས་པོ་ཉིད་མ་ཡིན་པས་མི་ཉེ་བ་དང༌། གཟུགས་བརྙན་ལས་གཞན་པ་ཞིག་མེད་པས་མི་རིང་བ་དང༌། མེ་ལོང་གི་ཕྱོགས་ཀུན་ནས་ཀྱང་ལྷག་ཆད་མེད་པར་གཟུགས་བརྙན་སྣང་བས་ཀུན་ནས་འབྱུང་བ་དང༌། གཟུགས་བརྙན་གྱིས་མེ་ལོང་གི་རྒྱ་ཕྱོགས་མ་ཆད་པར་གང་བས་ཚད་ཡོངས་སུ་མ་ཆད་པ་དང༌། མེ་ལོང་ལས་གཞན་དུ་སྣང་བ་མ་ཡིན་པ་དང༌། མེ་ལོང་གསལ་བ་དེ་གཡའ་ཡིས་གཡོགས་ཏེ་བསྒྲིབས་པ་མ་ཡིན་པ་དང༌། མེ་ལོང་གསལ་བ་འབའ་ཞིག་པས་མུན་པ་འཐིབས་པ་མ་ཡིན་པ་དང༌། གཟུགས་བརྙན་མེ་ལོང་ལས་གུད་དུ་བསྐལ་ཏེ་བཀོལ་བ་མ་ཡིན་པ། ཞེས་གསུངས།
Domain ཆོས་ལུགས།