56679

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེ་ལོང་དགོན་ (1)
Part of speech མིང་ཚིག
Definition གནས་ཆེན་ཁ་བ་དཀར་པོའི་གནས་དཀྱིལ་ལྟེ་བ་ལྟ་བུ་ན་ཆགས་ཡོད། ཀཿཐོག་པ་ཁ་བ་དཀར་པོ་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་གནས་སྒོ་འབྱེད་སྐབས་སུ་བཞེངས་པའི་ཚེས་བཅུ་ལྷ་ཁང་ཞེས་གྲགས་པའི་ནང་དུ། གུ་རུ་མཚན་བརྒྱད་ཀྱི་སྐུ་དང་། བླ་མ་གསུང་རབ་ཀྱིས་བཞེངས་པའི་སྨན་འདམ་ཐུབ་སྐུ་ཞལ་མཐོ་གསུམ་ཅན་དང་། ཉེ་སྲས་མི་ཚད་རེ། གནས་བརྟན། བདེ་གཤེགས་སོ་ལྔ། མཚན་བརྒྱད་བྲག་རི་མ་དང་། མགོན་པོ་བེར་ནག་སོགས་རྟེན་དང་བརྟེན་པ་བཅས་བཞེངས། ཡི་དམ་ནི་ཡེ་ཤེས་རབ་འབར་བརྟེན། གསོལ་ཀ་མ་མགོན་མགར་གསུམ་ཚུལ་བཞིན་འདོན། ད་ལྟ་ཡང་ལྷ་ཁང་དེའི་ནང་དུ་སྤྲུལ་པདྨ་དོན་འགྲུབ། བན་རྒན་ཀུན་བཟང་ཉི་མ། བཀྲ་ཤིས་སོགས་སྔར་ལྟར་ཆོས་བརྒྱུད་མ་ཉམས་པར་འགར་ཁུར་བཞིན་པ་ཡིན་ནོ། །