56684

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེ་ལོང་ལྟ་བུའི་ཡེ་ཤེས་ (1)
Part of speech མིང་ཚིག
Definition མདོ། ཐེག་ཆེན། ལོང་ལྟ་བུའི་ཡེ་ཤེས་ལ། རྒྱུ་དང་ངོ་བོ་གཉིས་ལས། རྒྱུ་ལ་ངོ་བོའི་རྒྱུ་དང་གནས་གྱུར་གྱི་རྒྱུ་གཉིས། དང་པོ་ནི། ཐོས་བསམ་གྱི་ཤེས་རབ་སྟེ། མདོ་སྡེ་རྒྱན་ལས། འཛིན་པའི་ཕྱིར་དང་ཞེས་སོ། །གཉིས་པ་ནི། ཀུན་གཞི་སྟེ། སངས་རྒྱས་ཀྱི་ས་ལས། ཀུན་གཞི་རྣམ་ཤེས་གང་ཡིན་པ། །དེ་ནི་མེ་ལོང་ཡེ་ཤེས་གྱུར། །ཞེས་སོ། །ངོ་བོ་ནི། གཡོ་བྱེད་གཟུང་འཛིན་གཉིས་དང་བྲལ་བའི་ཆ་ནས་འཇོག་པའོ་ཞེས་ཀུན་མཁྱེན་གོ་རམས་པས་དབུ་མ་སྤྱི་དོན་ལས་གསུངས་སོ། ། ཁྱད་པར་ལྔ་ལྡན་གྱི་ཡེ་ཤེས་གང་ཞིག ལོངས་སྐུའི་གཟུགས་བརྙན་གྱི་ཚུལ་དུ་འབྱུང་ཞིང་། ཡེ་ཤེས་གཞན་གསུམ་གྱི་འབྱུང་གནས་སུ་དམིགས་པ་དེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཚན་ཉིད། ཁྱད་པར་ལྔ་ནི། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་པ་དང། སྒྲ་བཤད་པ་ཡང། ཇི་སྐད་དུ། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་བའི་ཕྱིར། །ཞེས་གསུངས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གིས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།
མེ་ལོང་ལྟ་བུའི་ཡེ་ཤེས་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མེ་ལོང་ཡེ་ཤེས་དེ་ཉིད་དཔེའི་སྒོ་ནས་མཚོན་པར་བྱེད་པའི་མཚན་ཞིག་སྟེ། ཆོས་རྣམས་ཐམས་ཅད་ཀྱི་ཆོས་ཉིད་གང་དུའང་མི་རྟོག་ཅིང་ཅིར་ཡང་མ་འགགས་པར་གསལ་བར་བྱེད་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ། དེའང་དཔེ་མེ་ལོང་གི་ཆོས་བཅུ་དྲུག་སྒོ་ནས་མེ་ལོང་ཡེ་ཤེས་མཚོན་པར་བྱེད།