From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མེ་ལྟ་བུའི་སེམས་བསྐྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། སྒྲིབ་པའི་བུད་ཤིང་བསྲེག་པའི་ཡེ་ཤེས་ཀྱི་མེའི་དྲོད་ཀྱི་སྔ་ལྟས་སུ་གྱུར་པའི་སེམས་བསྐྱེད་ལ་མེ་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། མཁྱེན་གསུམ་རྗེས་མཐུན་པ་སྒོམ་པའི་སྦྱོར་བ་དང་ལྡན་པ་ནི་མེ་ལྟ་བུ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པའི་བུད་ཤིང་མངོན་འགྱུར་བ་བསྲེག་པའི་ཕྱིར། ཞེས་གསུངས། ས་མཚམས་ནི་ཐེག་ཆེན་སྦྱོར་ལམ་ནས་ཐོབ་པར་འདོད།
|
| Domain
|
ཆོས་ལུགས།
|
མེ་ལྟ་བུའི་སེམས་བསྐྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མཁྱེན་གསུམ་གྱི་གནས་ལུགས་ཐོས་བསམ་སྒོམ་གསུམ་གྱིས་ཤེས་པའི་དོན་ལ་དབང་ཐོབ་པར་བྱ་བའི་ཕྱིར་དུ་བསྡུས་ནས་བསྒོམ་པའི་སྦྱོར་བ་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། མེ་ལྟ་བུ་ཡིན་ཏེ། མཁྱེན་གསུམ་གྱི་རྟོགས་པ་ཡར་ལྡན་དུ་ཐོབ་པ་ལ་གེགས་བྱེད་པའི་རང་གི་སྤང་བྱ་སྒྲིབ་པའི་བུད་ཤིང་སྲེག་པའི་ཕྱིར་རོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །མཁྱེན་གསུམ་སྒོམ་པའི་སྦྱོར་བ་དང་ལྡན་པ་ནིི། མེ་ལྟ་བུ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མི་མཐུན་ཕྱོགས་ཀྱི་སྒྲིབ་པའི་བུད་ཤིང་སྲེག་པར་བྱེད་པས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །
|