From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མེད་ (1)
| Part of speech
|
ཕྲད་ཚིག
|
| Definition
|
མིང་རྐྱང་གི་མཐའ་ལ་སྦྱར་ན་དངོས་པོ་དེ་མི་སྣང་བའི་དོན།
|
| Keyword
|
True
|
| Example
|
ང་ལ་དངུལ་མེད། ང་ཚོ་ལ་བཟའ་བཏུང་མེད། ང་ལ་དཀའ་ངལ་མེད། ང་ཚོའི་འགོ་ཁྲིད་མེད། ས་ཆ་འདི་ན་རྐུན་མ་མེད་ལྟ་བུ།
|
| Antonyms
|
ཡོད།
|
མེད་ (2)
| Part of speech
|
ཕྲད་ཚིག
|
| Definition
|
བྱ་ཚིག་འདས་པའི་མཐའ་ལ་སྦྱར་ན་བྱ་བ་དེ་བྱས་མེད་པའི་དོན།
|
| Keyword
|
True
|
| Example
|
ངས་ཡི་གེ་བྲིས་མེད། ངས་སྐད་ཆ་བཤད་མེད། ང་ས་དེར་སོང་མེད། ངས་གཞན་གྱི་དངོས་པོ་བརྐུས་མེད། ངས་ཁོ་ལ་ད་དུང་སྤྲད་མེད། ངས་ཁྱོད་ལ་བོས་མེད་ལྟ་བུ།
|
| Antonyms
|
ཡོད།
|