56745

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེད་དགག་གི་གཞན་སེལ་ (1)
Part of speech མིང་ཚིག
Definition གཞན་སེལ་གང་ཞིག རང་གི་ཡུལ་ཅན་གྱི་རྟོག་པ་གང་རུང་ཡིན་ན། མེད་པར་དགག་པའི་ཡུལ་ཅན་ཡིན་དགོས་པ་དེ་མེད་པར་དགག་པའི་གཞན་སེལ་གྱི་མཚན་ཉིད། དཔེར་ན་བདག་མེད་ལྟ་བུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །མེད་དགག་གཞན་སེལ་གྱི་མཚན་ཉིད་ནི། རྟོག་ངོར་སྒྲུབ་པ་རྣམ་པར་བཅད་ནས་དགག་པའི་རྣམ་པ་ཅན་དུ་སྣང་བའི་སྒྲོ་བཏགས་སོ། །མིང་གི་རྣམ་གྲངས་ལ། མེད་དགག་གི་གཞན་སེལ་དང་། མེད་དགག་དང་། མེད་པ་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་རྣམས་ནི་མིང་གི་རྣམ་གྲངས་ཡིན་ཀྱང། ཕྱི་མ་གཉིས་ལ་དོན་ལྡོག་གཞན་དགོས་སོ། །དབྱེ་བ་ལ། དགག་བྱ་ཡོད་མེད་ཀྱི་སྒོ་ནས་གཉིས་སུ་ཕྱེ་བ་ནི། དངོས་མེད་ཀྱི་གཞན་སེལ་གྱི་དབྱེ་བ་དང་འདྲའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།
མེད་དགག་གི་གཞན་སེལ་ (2)
Part of speech མིང་ཚིག
Definition པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ལུགས་ནི། གཞན་སེལ་གང་ཞིག རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་འཕངས་པའི་སྒྲུབ་པ་མེད་པ་དེ། མེད་དགག་གི་གཞན་སེལ་གྱི་མཚན་གྱི་ཉིད། དཔེ་དོན་ནི། མི་མེད་པའི་ཁང་སྟོང་ནང་ན། མི་མེད་ཅེས་པའི་སྒྲས་དགག་བྱ་མི་ཡོད་པར་བཀག་པའི་ཤུལ་དུ་སྒྲ་དེས་སྒྲུབ་པ་འཕང་མི་ནུས་པ་བཞིན།