56773
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་ལེའུ་ཉེར་དྲུག་པ་ཤཱཀྱ་ལུང་བསྟན་པའི་ལེའུ་ལས་བྱུང་བ་སྟེ། ༡ ནང་གི་མེའི་ཁམས་ནི། གང་ཅི་ཡང་རུང་སྟེ། ལུས་འདི་ལ་མེ་དང་། མེའི་རྣམ་པ་དང་། དྲོ་བ་དང་། དྲོ་བའི་རྣམ་པ་དང་། ལུས་ལ་གཏོགས་པ་དང་། ཟིན་པའོ། །གང་གིས་ལུས་འདི་གདུངས་པ་དང་། ཀུན་ཏུ་གདུང་བ་དང་། ཡོངས་སུ་གདུང་བ་དང་། གང་གིས་ཟོས་པ་དང་། འཐུངས་པ་དང་། འཚོས་པ་དང་། མྱང་བ་རྣམས་བདེ་ཞིང་ལེགས་པར་ཞུ་བར་འགྱུར་བ་དང་། གང་གིས་ཤས་ཆེ་ན་རིམས་སོ། །རིམས་སོ། །ཞེས་བྱ་བའི་གྲངས་སུ་འགྲོ་བ་དང་། གཞན་ཡང་ལུས་འདི་ལ་ནང་གི་ཁོང་ན་མེ་དང་། མེའི་རྣམ་པ་དང་། དྲོ་བ་དང་། དྲོ་བའི་རྣམ་པ་དང་། ལུས་སུ་གཏོགས་པ་དང་ཟིན་པ་འདི་ནི། ནང་གི་མེའི་ཁམས་ཞེས་བྱའོ། ། ༢ ཕྱི་རོལ་གྱི་མེའི་ཁམས་ནི། གང་ཕྱི་རོལ་གྱི་མེ་དང་། མེའི་རྣམ་པ་དང་། དྲོ་བ་དང་། དྲོ་བའི་རྣམ་པ་དང་། ལུས་སུ་མ་གཏོགས་པ་དང་། མ་ཟིན་པ་སྟེ། ཕྱི་རོལ་གྱི་མེའི་ཁམས་ཞེས་བྱའོ། ། |
| Domain | ཆོས་ལུགས། |