56774

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེའི་ཁུ་བ་ (1)
Part of speech མིང་ཚིག
Definition ལྷ་དབང་ཕྱུག་ཆེན་པོ་སྟེ། སྔོན་ལྷ་ཆེན་དྲག་པོ་དང་ཨུ་མཱ་སྙོམས་འཇུག་བྱེད་སྐབས། མེ་ལྷས་ས་བོན་རྣམས་ཨུ་མཱའི་མངལ་དུ་སོང་ན་བུ་ཤིན་ཏུ་མཐུ་བ་འབྱུང་བས་མ་གཏོང་ཟེར་བས། དྲག་པོས་ས་བོན་ས་ལ་ཕོ་བ་ན། ཨུ་མཱས་མེ་ལྷ་ཁྱོད་ཀྱི་མངལ་དུ་གྱུར་ཅིག་ཅེས་དམོད་བོར་བས། དེའི་མངལ་དུ་སོང་སྟེ་ཤིན་ཏུ་མ་བཟོད་པས་སྐྱོ་ཞིང་དུབ་སྟེ། ལྷ་མོ་གཾ་གཱའི་དྲུང་དུ་ཕྱིན་ཏེ་ཕྱུང་ནས་དེའི་མངལ་དུ་བཅོལ་ལོ། །དེ་སྨྱུག་མའི་ཚལ་དུ་ཕྱིན་ནས་གཞོན་ནུ་གདོང་དྲུག་གྲགས་པ་སྐྱེས་སོ། །དེ་ཕྱིར་ལྷ་དབང་ཕྱུག་ཆེན་པོ་ལ་མེའི་ཁུ་བ་ཞེས་གྲགས་སོ། །
Type མངོན་བརྗོད།