56799
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གདུང་རུས་དགེ་རྒྱལ་ལས་འཁྱར་བ་ཇིན་གར་ཨུ་གི་ལུད་ཀྱི་ས་ཆར་ཨ་ཐའི་ཡུལ་དུ་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང་སྟེ་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གནང། ཕར་ཕྱིན་ཆོས་འཁོར་མཚམས་སུ་སླེབས་པ་ན་དགེ་འཕེལ་རི་ཁྲིད་དུ་ཕེབས། ཧོར་གྲུབ་ཆེན་ཆོས་འབྱོར་དང་གྲུབ་ཆེན་དགེ་ལེགས་དར་རྒྱས་གཉིས་ལས་ལམ་རིམ་དང་ལྟ་ཁྲིད་བསྐྱངས་པས་ཉམས་སྣང་ཁྱད་པར་ཅན་བྱུང། སྟོང་ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེས་སྐབས་ཐེ་ཚོམ་གཅོད་མ་ནུས་པ་སྒོ་མང་དཔོན་སློབ་ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་བོས་ཞལ་བཀོད་བཞིན་སྲད་རྒྱུད་རྡོ་རྗེ་འཆང་དཀོན་མཆོག་ཡར་འཕེལ་གྱི་དྲུང་དུ་བྱོན་ནས་དབུས་མའི་ལྟ་ཁྲིད་ཀྱི་དཔེ་ཆ་ཞིག་ལ་གཟིགས་པས་ཐེ་ཚོམ་ཐམས་ཅད་ཆོད། སྲད་རྒྱུད་རྡོ་རྗེ་འཆང་ལས་ཆོས་རྒྱུན་མན་ངག་བསམ་གྱིས་མི་ཁྱབ་པ་གསན་པས་སྲད་རྒྱུད་ཡབ་སྲས་ལྔ་ཞེས་གྲགས་པའི་ནང་ཚན་དུ་གྱུར། འདི་བ་འབྲས་སྤུངས་སུ་ཕེབས་ཁར་དགེ་འཕེལ་རི་ཁྲིད་ཀྱི་མཚམས་ཁང་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལས་གནང་། རི་ཁྲིད་འདི་ནས་ཀུན་མཁྱེན་འཇམ་བཞད་ཀྱིས་རྣམ་འགྲེལ་དང་གྲུབ་མཐའི་རྣམ་བཞག །དབུ་མ་ཆེན་མོ་སོགས་མཛད། དམ་པ་འདི་བ་དགེ་སྦྱོང་གང་མཛད་ཀྱང་མིང་དང་གྲགས་པའི་ཆེད་དུ་མི་འགྲོ་བར་དགེ་བའི་རིགས་སུ་ལའང་གསང་ནས་མཛད་པར་གྲགས་ཆེ། ལམ་རིམ་ཆེན་མོ་སོག་ཡིག་ཏུ་བསྒྱུར། དགུང་གྲངས་བདུན་ཅུ་དོན་བརྒྱད་དུ་ཕེབས་སྐབས་ཆབ་བསགས་ཀྱིས་བསྙུན་ཏེ་དགོངས་པ་རྫོགས། |