568

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྱེཻ་རྡོ་རྗེ་མན་ངག་ལུགས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། སྙིང་པོ་ཀྱེཻ་རྡོ་རྗེ་གྲུབ་ཆེན་བིར་ཝ་པའི་ལུགས་ཀྱི་མིང་གི་རྣམ་གྲངས་སྟེ། གྲུབ་ཆེན་བིར་ཝ་པ་དང་མཁྱེན་རྟོགས་མཉམ་པར་གྲགས་པ་གྲུབ་ཆེན་ཊོམ་བྷི་ཧེ་རུ་ཀཿ་ཡི་མན་ངག་ལ་བརྟེན་ནས་བཤད་རྒྱུད་རྡོ་རྗེ་གུརགྱི་རྗེས་སུ་འབྲངས་ཏེ་སློབ་དཔོན་མི་ཐུབ་ཟླ་བས་སྒྲུབ་ཐབས་ཡན་ལག་དྲུག་པ་སོགས་མཛད་པ་དེེར་ཀྱེཻ་རྡོར་མན་ངག་ལུགས་ཞེས་སུ་གྲགས་ཤིང་། དེའི་དབང་ལུང་ཁྲིད་སོགས་ས་སྐྱའི་བླ་ཆེན་རིམ་བྱོན་བརྒྱུད་ནས་དགེ་ལུགས་ཕྱོགས་སུའང་ཕྱག་བཞེས་ཀྱི་རྒྱུན་ཡོད་པ་དེ་ཡིན།
Domain ཆོས་ལུགས།