56813

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེས་པོ་ (1)
Part of speech མིང་ཚིག
Definition རང་ཉིད་ཀྱི་ཕའི་ཕ་སྟེ། མིང་གི་རྣམ་གྲངས་ལ། ཨ་མེས། སྤོ་བོ་ཡང་ཟེར།
Example ངའི་མེས་པོའི་རིང་ལ་མངའ་ཐང་དགུང་དང་མཉམ་ལྟ་བུ།
མེས་པོ་ (2)
Part of speech མིང་ཚིག
Definition རང་ཉིད་ཀྱི་ཨ་མའི་ཕ་སྟེ། འདུལ་བ་ལུང་གཞིའི་རྒྱ་ཆེར་འགྲེལ་ལས། མེས་པོ་ཞེས་བྱ་བ་ནི་མའི་ཕའོ། །ཞེས་གསུངས།
མེས་པོ་ (3)
Part of speech མིང་ཚིག
Definition ལྷ་ཚངས་པ་སྟེ། སྐྱེ་དགུ་བསྐྱེད་པའི་མེས་པོ་ཡིན་པས་སོ། །
Type མངོན་བརྗོད།