56814

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེས་པོ་གདོང་བཞི་ (1)
Part of speech མིང་ཚིག
Definition ཚངས་པ་སྟེ། འཇིག་རྟེན་འདི་ཐོག་མར་སྐྲུན་མཁན་ཚངས་པ་ཡིན་པས་མེས་པོ་དང༌། གདོང་བཞི་ནི་སྔོན་ཚངས་པས་ཐིག་ལེ་མཆོག་མ་ཞེས་བྱ་བའི་བུ་མོ་ཞིག་ལ་སྤྲུལ་ནས་དེ་ལ་རང་ཉིད་ཆགས་སེམས་བསྐྱེད་དེ་ཕྱོགས་རེར་གདོང་རེ་སྐྱེས་པ་དང༌། སྟེང་དུ་སོང་ནས་བལྟས་པས་སྤྱི་གཙུག་ཏུ་གདོང་གཅིག་སྐྱེས། དེར་ལྷ་དབང་ཕྱུག་གིས་ནམ་མཁའ་ནས་མཐོང་བས་ལྷ་ཚངས་པ་ངོ་ཚ་བས་སྟེང་གི་གདོང་དེ་བཅད་ནས་གདོང་བཞིར་གྱུར་པས་དེ་ལྟར་གྲགས་སོ། །
Type མངོན་བརྗོད།