56829
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཅིག་པའི་སྨད་དུ་མྱང་སྟོད་སྟག་ཚལ་དུ་འཁྲུངས། རྗེ་བཙུན་མར་པ་ཞབས་ཏོག་གིས་མཉེས་པར་མཛད། རྗེ་བཙུན་མར་པས་མ་ཧཱ་མཱ་ཡཱ་དང་། གདམས་ངག་མཐའ་ཡས་པར་གནང་། དགྱེས་པ་རྡོ་རྗེ་དང་། བདེ་མཆོག གསང་འདུས་གསུམ། མཱ་ཡཱ་ཐོད་པ་རྣམས་ལ་བཤད་གྲྭ་བཙུགས། གནས་གཞི་ར་དོ་བཏབ། བརྟག་གཉིས་ལ་ཊཱིཀ་མཛད། སློབ་མ་ཞང་བསོད་ནམས་མཁའ་སོགས་གྲུབ་ཐོབ་དུ་མ་བྱོན། མེས་སྟོན་ལུགས་ཀྱི་བཤད་རྒྱུན་ལ་མེས་སྟོན་བཀའ་བརྒྱུད་དུ་གྲགས། རྗེ་བཙུན་མར་པའི་སློབ་མ་ཀ་ཆེན་བཞི་ལས་ནུབ་ཀྱི་ཀ་ཆེན་ཡིན། |