From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མོ་ (1)
| Part of speech
|
མིང་ཚིག
|
| Definition
|
མིའི་ནང་ནས་མངལ་སྦྲུམ་མཁན་གྱི་རིགས།
|
| Example
|
ཕོ་མོ་ཁྱད་མེད་དམག་ལ་ཞུགས་ཆོག་ལྟ་བུ།
|
| Antonyms
|
ཕོ།
|
མོ་ (2)
| Part of speech
|
མིང་ཚིག
|
| Definition
|
སྲོག་ཆགས་ཀྱི་ནང་ནས་མངལ་སྦྲུམ་མཁན་དང་སྒོ་ང་འཇོག་མཁན་གྱི་རིགས།
|
| Example
|
གླང་མོ། གླ་མོ། དེ་མོ། གླག་མོ་ལྟ་བུ།
|
| Antonyms
|
ཕོ།
|
མོ་ (3)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་ཕྱི་མ་སྤེལ་བ་ལ་མོ་དང་བྱེད་ལས་མཚུངས་པའི་སྒོ་ནས་བཏགས་པ་སྟེ།
|
| Example
|
ཤིང་སྡོང་ཕོ་མོ། ཟེའུ་འབྲུ་ཕོ་མོ། མེ་ཏོག་ཕོ་མོ་ལྟ་བུ།
|
མོ་ (4)
| Part of speech
|
མིང་ཚིག
|
| Definition
|
འབྱུང་འགྱུར་གྱི་གནས་ཚུལ་བཟང་ངན་སོགས་བརྟག་ཐབས་ཤིག
|
| Example
|
མོ་འདེབས་ས་ཞིག་བཙལ་ནས་མོ་བཏབ། མོ་ལུང་རྩིས་གསུམ་ལྟ་བུ།
|
| Domain
|
ཆོས་ལུགས།
|
མོ་ (5)
| Part of speech
|
མིང་ཚིག
|
| Definition
|
དབྱངས་དང་གསལ་བྱེད་གཉིས་ལས་དབྱངས་ཀྱི་ཡི་གེ་ཨི་ཨུ་ཨེ་ཨོ་རྣམས།
|
| Domain
|
སྒྲ་རིག་པ།
|
མོ་ (6)
| Part of speech
|
མིང་ཚིག
|
| Definition
|
སྔོན་འཇུག་ལྔའི་ནང་གི་འ་ཡིག་སྟེ། མིང་གཞིའི་ཡི་གེ་རང་གི་འཇུག་ཡུལ་དུ་གྱུར་པ་རྣམས་ལ་སྒྲ་དང་བྱེད་རྩོལ་ཞན་པས་འཇུག་པས་སོ། །
|
མོ་ (7)
| Part of speech
|
མིང་ཚིག
|
| Definition
|
རྗེས་འཇུག་གི་ཡི་གེ་ང་མ་འ་གསུམ་སྟེ། འདི་གསུམ་པོ་མིང་གཞིའི་ཡི་གེ་གང་ལ་ཞུགས་པ་ལས་བརྗོད་པའི་སྒྲ་གདངས་ཞན་པས་ན་ཡིན།
|
| Example
|
གང་། ནང་། ལང་། བང་། མང་། དང་། ཆང་ལྟ་བུ།
|
མོ་ (1)
| Part of speech
|
གྲོགས་ཚིག
|
| Definition
|
མིང་མཐའ་ཙམ་སྟོན་བྱེད་དུ་འཇུག་པ།
|
| Example
|
མཚན་མོ། སྔ་མོ། ཕྱི་མོ། སྡུག་མོ། ཡང་མོ། སྲ་མོ་སོགས་ལྟ་བུ།
|
མོ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
ཚིག་ཕྲད་དུ་སྦྱར་ཚེ། སྐབས་བབ་ཀྱི་བརྗོད་དོན་དེ་ཉིད་རེ་ཞིག་རྫོགས་པར་སྟོན་པས་རྫོགས་ཚིག་གམ། རྗོད་བྱེད་ཚིག་གང་གི་རྗེེས་སུ་སླར་ཡོང་བའི་ཚིག་གྲོགས་དག་བསྡུ་བར་བྱེད་པས་ན་སླར་བསྡུ་ཡང་ཟེར་ཏེ། སྦྱོར་ཚུལ་ནི་རྗེས་འཇུག་མ་ཡིག་མཐར་མོ་ཡིག་སྦྱོར་དགོས།
|
| Keyword
|
True
|
| Example
|
འདི་ནི་ལམ་མོ། དེ་ནི་ལྷམ་མོ་ལྟ་བུ།
|