56844

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོ་གཤམ་ (1)
Part of speech མིང་ཚིག
Definition ཕྲུ་གུ་སྐྱེ་བའི་ནུས་པ་མེད་པའི་བུད་མེད།
མོ་གཤམ་ (2)
Part of speech མིང་ཚིག
Definition དྲེལ་ལམ་དྲེའུ་ལྟ་བུའི་ཕྲུ་གུ་སྐྱེ་བའི་ནུས་པ་མེད་པའི་སྲོག་ཆགས་མོ་རིགས།
མོ་གཤམ་ (3)
Part of speech མིང་ཚིག
Definition ཡི་གེ་རྣམས་སོ་སོར་ངག་ནས་བརྗོད་ཚེ། ཡི་གེ་སོ་སོའི་སྐྱེ་གནས་མགྲིན་པ་དང་། སོ་དང་། མཆུ་དང་། རྐན་སོགས་ལ་བྱེད་རྩོལ་གྱི་ཤུགས་ཆེ་ཆུང་ངམ་གྲིམས་ལྷོད་ཀྱི་དབང་གིས་ཤིན་ཏུ་རྩོལ་བ་ལྷོད་ཅིང་ཞན་པ་ཡིན་པའི་ཡི་གེ་སྐོར་ཞིག་སྟེ།
Example ར་ལ་ཧ་ཨ་བཞི་པོ་ལྟ་བུ།
Domain སྒྲ་རིག་པ།
མོ་གཤམ་ (4)
Part of speech མིང་ཚིག
Definition འབྲས་བུ་མི་ལྡན་པའི་ཤིང་སྟེ། དཔེའི་སྒོ་ནས་འབྲས་བུ་འཐོག་རྒྱུ་མེད་པའི་ཆ་ནས་བཏགས།
Type མངོན་བརྗོད།