56851
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། སྔོན་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབས་མི་བོའི་དུས་སུ། དག་པ་དྲང་སྲོང་མོ་ཡི་བསྲུང་བྱ་སྡོམ་ཁྲིམས་སུམ་བརྒྱ་དྲུག་ཅུ་འབོག་སའི་གནས་ཁྱད་པར་ཅན་ཏེ། སོ་སོར་ཐར་པའི་བྱེ་བྲག་འབྱེད་སྡོམ་རྒྱུད་ལས། མོ་ལ་རྩ་བརྒྱད་རྩ་ཕྱེད་ཡན་ལག་བཅས། སུམ་བརྒྱ་དྲུག་ཅུ་སོ་སོ་ཐར་པར་དབྱེ། ཁོ་མ་ནེའུ་ཆུང་མོ་ཁྲིམས་གནས། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |