56861

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོ་དཔྱད་དག་གི་དབང་བསྐུར་གྱི་སྣོད་ (1)
Part of speech མིང་ཚིག
Definition བོན། དེ་ཡང་ལྷོ་གཏེར་ལུགས་ཀྱི་ཐེག་དགུ་ལས་རྒྱུ་ཐེག་དང་པོ་ཕྱྭ་གཤེན་ཐེག་པའི་བོན་སྤྱོད་གདུལ་ཞིང་ལ་ཕན་བདེ་བསྐྱེད་པའི་ཐབས་སུ་མོ་རྩིས་གཏོ་དཔྱད་རྣམས་ལག་ལེན་བྱ་ཆོག་པའི་དབང་ངམ་གནང་བ་སྦྱིན་ཡུལ་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། སོ་དྲང་དམ་ཚིག་ལེགས་པར་བསྲུང་། རྫུན་ཚིག་ལོག་པ་ཀུན་སྤངས་ནས། རྣོ་མཐོང་མོ་ཆའི་བཀའ་རྟགས་འཛིན། རིམ་པས་འགྲོ་བའི་དོན་སྤྱོད་ལ། རྣོ་མཐོང་མོ་དང་དཔྱད་དབང་སྐུར། ཞེས་པས། དེ་ཡང་སྣང་གཤེན་གྱི་བོན་སྤྱོད་མོ་དཔྱད་སོགས་ཀྱི་དོན་ལ་མཁས་ཤིང་སོ་ཐར་དང་དྲང་སྲོང་ལ་སོགས་ཐེག་པ་ཀུན་གྱི་དམ་ཚིག་གི་རྩ་བ་དགེ་སྡིག་བླང་འདོར་ལེགས་པར་བསྲུང་སྟེ་རྫུན་ཚིག་ལོག་པར་སྨྲ་བ་ཀུན་སྤངས་ལ། མོ་དཔྱད་སོགས་ཀྱི་བཀའ་རྟགས་ཡོ་བྱད་གླེགས་བམ་ཇུ་ཐིག་སོགས་ཚང་བར་འཛིན་ཅིང་། བོན་སྤྱོད་དེ་རྣམས་རིམ་པས་གང་ལ་གང་སྨིན་གྱི་ཐབས་མ་ནོར་བར་འགྲོ་དོན་ལ་སྤྱོད་པའི་གཤེན་རབ་ཅིག་དགོས་པར་བཤད་དོ། །
Domain ཆོས་ལུགས།