56862

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོ་དབང་ (1)
Part of speech མིང་ཚིག
Definition མདོ། བུད་མེད་ཀྱི་མཚན་མ་སྟེ། སྟུ་སྟེ། གང་ཟག་རང་ཉིད་མོར་མཚོན་པར་བྱེད་པ་ལ་ལྷག་པར་དབང་བྱེད་པའི་དབང་པོ་ཞིག་ལ་མོ་དབང་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། རང་རྒྱུད་ལྡན་གྱི་གང་ཟག་གཙོ་བོར་མོར་མཚོན་པར་བྱེད་པའི་མཚོན་བྱེད་ཐུན་མོང་མ་ཡིན་པའི་དབང་པོ། མོ་དབང་གི་མཚན་ཉིད། ཕོ་དང་ཕོ་དབང་འགལ་ཞིང། མོ་དང་མོ་དབང་འགལ་བ་ཡིན་ཏེ། ཕོ་མོ་གང་རུང་ཡིན་ན། གང་ཟག་ཡིན་པས་ཁྱབ། ཕོའི་དབང་པོ་དང་མོའི་དབང་པོ་གང་རུང་ཡིན་ན། ལུས་དབང་ཡིན་པས་ཁྱབ་པའི་ཕྱིར། ཕྱི་མ་དེར་ཐལ། མཛོད་ལས། ལུས་ལས་ཕོ་དབང་མོ་དབང་དག །ཞེས་གསུངས་པའི་ཕྱིར། ཕོའི་དབང་པོ་དང་ཕོའི་མཚན་མ་འགལ་ཞིང། མོའི་དབང་པོ་དང་མོའི་མཚན་མ་འགལ་བ་ཡིན་ཏེ། ཕོའི་མཚན་མ་ཕོའི་དབང་རྟེན་དང་། མོའི་མཚན་མ་མོའི་དབང་རྟེན་ཡིན་པ་གང་ཞིག །དབང་པོ་སོ་སོ་དང་དབང་རྟེན་སོ་སོ་འགལ་བའི་ཕྱིར།
Domain ཆོས་ལུགས།