56866

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོ་དྲེས་ (1)
Part of speech མིང་ཚིག
Definition མོ་དྲེས་ནི་ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཕྲ་བ་ཨ་ར་འདྲ་བའི་རྩ་ཕྲན་ས་འོག་ཁྱབ་པ། སྔ་ལོའི་ལོ་མ་རྙིང་པ་རྟིང་པ་སྤང་ལྟར་ཆགས་པ་དང་། ལོ་མ་སྔོ་ལྗང་མཉེན་ཞིང་འཇམ་པ་དབྱིབས་ཕོ་དྲེས་དང་མཚུངས་པ། ཕུང་པོ་གོང་ལས་རྒྱ་ཆེ་བ་མེ་ཏོག་སྔོ་དམར་དབྱིབས་གོང་བཞིན་འཆར་བ། གང་བུ་དམར་སྨུག ཨ་རུ་རའི་དབྱིབས་ཅན་གྱི་ཕྱེད་ཙམ་གཞི་རྩའི་ལོ་མས་བཏུམས་པའི་ནང་། འབྲུ་གུ་དཀར་པོ་མང་བ་སྨིན་ཚེ་དམར་པོར་གྱུར་བ་དེར་གྲེས་མའི་གེ་སར་ཞེས་འབོད་པ་ཡིན་སྟེ། བོད་དབུས་སོགས་ཀྱི་ས་ཁུལ་ཕལ་ཆེ་བའི་རི་མཐོའི་སྤང་ལྗོངས་སུ་སྐྱེ་བ་མང་། རྩ་ལོ་སྡོང་པོ་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསྐམས་ནས་སྨན་དུ་སྤྱད་རྒྱུ། རོ་མངར་ལ་ཚ་བ། ཞུ་རྗེས་མངར་བ། ནུས་པ་སྐམ་ལ་རྩུབ་པས་བད་སྨུག དུག་ཐབས་དང༌། ཕོ་ལོང་རྒྱུ་མར་ཚ་གྲང་འཐབ་པ། སྲིན་གླང་སོགས་ལ་ཕན་པ་ཡིན།
Domain གསོ་རིག