5688

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ག་དུར་དམན་པ་ (1)
Part of speech མིང་ཚིག
Definition སྔོ་སྨན་སྦོར་ཞེས་ལོ་མང་སྐྱེ་བའི་སྐྱེ་དངོས་རིགས་ཤིག་སྟེ། རྩ་བ་རྒྱ་སྨུག གླ་སྒང་འདྲ་ཞིང་དེ་ལས་ཆེ་བར་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། ལོ་མ་སྔོ་སྐྱ་སྒོར་བ་བོང་དཀར་གྱི་ལོ་མ་འདྲ་བར་སྤུ་དཀར་འཇམ་པོ་ཡོད་ཅིང་མཐར་ངེས་གཏན་མེད་པའི་ཉག་ག་ཡོད་ལ་ངར་བ་དམར་སྨུག་ཕྲ་ཞིང་རིང་བ་ཡོད། མེ་ཏོག་རྒྱ་ཁ་ཆུང་བར་འདབ་མ་ལྔ་དང་ལྡན་ཞིང་ངར་བ་རིང་བ་རྣམས་ཀྱི་དབུས་ནས་གསུམ་བཞི་ཙམ་འཆར་བ་དང་སྨིན་ཚེ་འབྲས་བུ་མིག་སྨན་མཆུ་རིང་འདྲ་བའི་ནང་འབྲུ་གུ་སེར་སྨུག་ཤིན་ཏུ་ཆུང་བ་མང་པོ་ཡོད་པ་ཞིག
Domain གསོ་རིག