56888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོ་བསྐོར་དགུ་མིག་ (1)
Part of speech མིང་ཚིག
Definition དགུ་མིག་ལྔའི་ཡ་གྱལ་རྐྱང་བའི་དགུ་མིག་གི་ནང་གསེས་ཤིག་སྟེ། བརྩི་བྱ་དང་དབང་ཐང་གཅིག་པའི་བྱ་ནས་གྱེན་དུ་གཡོན་བསྐོར་གྱིས་བགྲངས་པའི་བུད་མེད་ཀྱི་དགུ་མིག་ལ་ཟེར་བ་ཡིན། བརྩི་བྱ་བུད་མེད་དག་དེ་ལྟར་བགྲངས་པའི་དགུ་ཚན་དང་པོ་མོ་ལོ་དགུ་ལ་སོན་དུས་ཀྱི་དགུ་མིག་ནི་ཕྱི་ལོ་བུ་གླང་དང་ནང་སྤར་ཁ་ཁམ་སྟེང་དུ་སྡོད་ཅིང་། དུས་དེར་མི་ཁ་དང་རིམས་ནད་དལ་ཡམས་འོང་ཞིང་ལོ་ལྔ་ནས་བུ་མོ་འཆི་བར་བཤད། དགུ་ཚན་གཉིས་པ་མོ་ལོ་བཅོ་བརྒྱད་ལ་སོན་དུས་ཀྱི་དགུ་མིག་ནི་ཕྱི་ལོ་བུ་འབྲུག་དང་ནང་སྤར་ཁ་ཁེན་སྟེང་དུ་སྡོད་ཅིང་། དུས་དེར་ཟ་འདྲེ་གནོད་ཅིང་རྟས་བསྐྱུར་བ་དང་གཡང་སར་ལྷུང་བའི་ངོ་ཡོད་པར་བཤད། དགུ་ཚན་གསུམ་པ་མོ་ལོ་ཉེར་བདུན་ལ་སོན་དུས་ཀྱི་དགུ་མིག་ནི་ཕྱི་ལོ་གྲོགས་ལུག་དང་ནང་སྤར་ཁ་དྭའི་སྟེང་དུ་སྡོད་ཅིང་། དུས་དེར་གཟེར་ནད་དང་འཁྲུག་པ་འབྱུང་ཞིང་བུས་པ་འཆི་བར་བཤད། དགུ་ཚན་བཞི་པ་མོ་ལོ་སོ་དྲུག་ལ་སོན་དུས་ཀྱི་དགུ་མིག་ནི་ཕྱི་ལོ་གྲོགས་ཁྱི་དང་ནང་སྤར་ཁ་ཁོན་སྟེང་དུ་སྡོད་ཅིང་། དུས་དེར་སྲི་ལྡང་ཞིང་ཤུ་ཐོར་དང་མྱ་ངན་གྱི་ངོ་ཡོད་པར་བཤད། དགུ་ཚན་ལྔ་པ་མོ་ལོ་ཞེ་ལྔ་ལ་སོན་དུས་ཀྱི་དགུ་མིག་ནི་ཕྱི་ལོ་དགྲ་གླང་དང་ནང་སྤར་ཁ་ལི་སྟེང་དུ་སྡོད་ཅིང་། དུས་དེར་ཟླ་རྡིབ་འབྱུང་ཞིང་གྲི་དང་རྦབ་ཀྱི་ངོ་ཡོད་པར་བཤད། དགུ་ཚན་དྲུག་པ་མོ་ལོ་ང་བཞི་ལ་སོན་དུས་ཀྱི་དགུ་མིག་ནི་ཕྱི་ལོ་དགྲ་འབྲུག་དང་ནང་སྤར་ཁ་ཟོན་སྟེང་དུ་སྡོད་ཅིང་། དུས་དེར་ཁ་སྨྲས་དང་ནད་འབྱུང་བའི་ངོ་ཡོད་པར་བཤད། དགུ་ཚན་བདུན་པ་མོ་ལོ་རེ་གསུམ་ལ་སོན་དུས་ཀྱི་དགུ་མིག་ནི་ཕྱི་ལོ་མ་ལུག་དང་ནང་སྤར་ཁ་ཟིན་སྟེང་དུ་སྡོད་ཅིང་། དུས་དེར་ཞུ་གྲུམ་དང་ལྷོག་ནད། བོར་སྟོར། ཁྱིམ་བདག་མ་གྲིར་འཆི་ཉེན་ཡོད་པར་བཤད། དགུ་ཚན་བརྒྱད་པ་མོ་ལོ་དོན་གཉིས་ལ་སོན་དུས་ཀྱི་དགུ་མིག་ནི་ཕྱི་ལོ་མ་ཁྱི་དང་ནང་སྤར་ཁ་གིན་སྟེང་དུ་སྡོད་ཅིང་། དུས་དེར་ས་བདག་གནོད་ཅིང་ནད་འབྲས་འོང་། བུ་སྐྱེས་པ་འཆི་བའི་ངོ་ཡོད་པར་བཤད། དགུ་ཚན་དགུ་པ་མོ་ལོ་གྱ་གཅིག་ལ་སོན་དུས་ཀྱི་དགུ་མིག་ནི་ཕྱི་ལོ་རང་གླང་དང་ནང་སྤར་ཁ་ཁམ་སྟེང་དུ་སྡོད་ཅིང་། དུས་དེར་ཡུགས་སར་འབབ་པར་བཤད། དགུ་མིག་དེ་རྣམས་ལས་བརྩི་བྱའི་དགྲ་གཤེད་དང་དུར་ཐོག་ཏུ་སོང་བ་ལྷག་ཏུ་ངན་པས་རིམ་གྲོར་འབད་དགོས།
Domain རྩིས་རིག