5689

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ག་དོར་ (1)
Part of speech མིང་ཚིག
Definition རི་དྭགས་ཤ་བའི་ཁྲག་རྭའི་མིང་ཡིན་ཞིང་། དེ་ནི་དཔྱིད་ཀ་དང་དབྱར་ཀའི་དུས་སུ་རྭ་རློན་ནམ་ཁྲག་རྭ་ཡིན་ཞིང་། ཤ་རྭ་གསར་སྐྱེས་ནི་སྙི་ཞིང་ནང་དུ་ཁྲག་འབག་འབག་ཡོད་ལ་ཕྱི་ངོས་སུ་སྤུ་ཐུང་ཐུང་སྐྱེས་ཡོད། དགུན་དུས་སུ་རྭ་སྐམ་པོ་ཡིན། སྨན་གཞུང་དུ་སྲོག་ཆགས་ཀྱི་སྨན་གྱི་སྐབས་སུ་ག་དོར་གསུམ་མམ་གཱ་དོར་གསུམ་ཞེས་པ་ནི་ཤ་བའི་རྭ་དང་། ཁ་ཤའི་རྭ། བསེ་རུའི་རྭ་གསུམ་ཡིན། དེ་དག་སྨན་རྒྱུར་བཀོལ་ཆོག
Domain གསོ་རིག