56907

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོ་ཡི་རྩ་བ་བརྒྱད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། དེ་ཡང་གྲངས་ནི། འདུལ་བ་སྟོད་ལུགས་ལས་གསུང་པའི་ཚུལ་དང་། འདུལ་བ་སྨད་ལུགས་ལས་གསུང་པའི་ཚུལ་དང་། དྲན་པའི་གབ་འགྲེལ་རིག་པའི་རྒྱ་མཚོ་ལས་གསུང་པའི་ཚུལ་དང་གསུམ་སྟེ། དང་པོ་སྟོད་ལུགས་ལྟར། མོ་ཡི་རྩ་བ་བརྒྱད་ནི། སྲོག་གཅོད་པ། མ་བྱིན་པ་ལེན་པ། མི་གཙང་པ་སྤྱོད་པ། རྫུན་དུ་སྨྲ་བ་དང་བཞིའི་ཐོག་ཏུ། གཞན་རེག་པ་དང་། ལུས་བཀན་པ། འཆབ་པ། བཟློག་པ་དང་བཞི་བསྣན་པའི་བརྒྱད་སྟེ། བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་ལས། དྲང་སྲོང་མའི་རྩ་བ་གཞན་བཞི་ནི་འདུལ་བ་སྟོད་ལུགས་ནས་བཤད་པ་ནི། རང་ལ་ལྟོས་པའི་རེག་པ་དང་ནི་ལུས་བཀན་པ་དང་། གཞན་ལ་ལྟོས་པའི་འཆབ་པ་དང་ནི་བཟློག་པ་བཞིར། ཐམས་ཅད་མཁྱེན་པའི་སྟོན་པས་གསུངས་སོ། །དེ་ཡང་རེག་པ་ནི། ཉོན་མོངས་ཀྱི་དབང་གིས་སྐྱེས་པ་ལ་དངོས་སུ་ཤ་རྗེན་ལ་རེག་པར་བྱས་པའམ། འཁྱུད་པ་དང་། འོ་བྱེད་ཁ་སླན་པ་ལ་སོགས་སོ། །ལུས་བཀན་ནི། ཆགས་སེམས་ཀྱིས་ཁྱོད་ཀྱིས་གནོན་ནུས་ན་ང་ཡིས་འགྱེལ་བར་བྱ་སྙམ་པ་ཐག་ཆོད་པས། གན་རྐྱལ་དུ་འདུག་པའོ། །དེ་གཉིས་ཀྱི་མཐར་ཐུག་ཕ་རོལ་གྱིས་བརྩལ་བར་མ་ནུས་ཀྱང་སྦྱོར་བ་དེས་འགྲུབ་པའོ། །འཆབ་པ་ནི། གཞན་དྲང་སྲོང་མ་ཉམས་པའི་ཉེས་པ་གསང་བའི་ཐབས་ལ་སོགས་ལ་འཇུག་པའོ། །བཟློག་པ་ནི། དྲང་སྲོང་མ་ཉམས་པས་བསླབ་པ་སྐྱར་འདོད་པ་ལ་སོགས་བཟློག་པའོ། །ᫍᨓས་དང་། གཉིས་པ་སྨད་ལུགས་ལྟར། མོ་ཡི་རྩ་བ་བརྒྱད་ནི། སྲོག་གཅོད་ལ་སོགས་རྩ་བཞིའི་ཐོག་ཏུ། གཞན་སེར་སྣ་དང་། ཆགས་སྡང་གི་བློ་དང་། གཡོ་སྒྱུ་དང་། སྐྱེས་རྨ་རིགས་འཆལ་དང་བཞི་བསྣན་པའིི་བརྒྱད་སྟེ། ཀུན་འབྱུང་དབྱིངས་དག་ལས། མོ་ཡི་རྩ་བཞི་སེར་སྣ་ཆགས་སྡང་བློ། གཡོ་རྒྱུ་སྐྱེས་རྨ་རིགས་ཆར་བཞི། ཞེས་དང་། གསུམ་པ་དྲན་པའི་གབ་འགྲེལ་རིག་པའི་རྒྱ་མཚོ་ལྟར། མོ་ཡི་རྩ་བ་བརྒྱད་ནི། ངག་གི་སྒོ་ནས་བསྲུང་བ་གཉིས་ནི། རྫུན་དང་ཕྲ་མའོ། །ལུས་ཀྱི་སྒོ་ནས་བསྲུང་བ་གསུམ་ནི། འདོད་ལོག་དང་། མ་བྱིན་པར་ལེན་པ་དང་། སྲོག་གཅོད་པའོ། །ཡིད་ཀྱི་སྒོ་ནས་བསྲུང་བ་གསུམ་ནི། ལོག་ལྟ་དང་། ཁོང་ཁྲོ་དང་། གནོད་སེམས་དང་གསུམ་སྟེ་བརྒྱད་དོ། །ཞེས་གསུངས་སོ། །
Domain ཆོས་ལུགས།