From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མོ་ཡིག་ (1)
| Part of speech
|
མིང་ཚིག
|
| Definition
|
ཨི་ཨུ་ཨེ་ཨོ་བཅས་བཞི་སྟེ། འདི་རྣམས་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བའི་སྐབས་ཀྱི་མོ་ཡིག་ཡིན།
|
| Domain
|
སྒྲ་རིག་པ།
|
མོ་ཡིག་ (2)
| Part of speech
|
མིང་ཚིག
|
| Definition
|
འ་ཡིག་སྟེ། འདི་ནི་སྔོན་འཇུག་གི་རྟགས་ཀྱི་དབྱེ་བའི་སྐབས་ཀྱི་མོ་ཡིག་ཡིན།
|
མོ་ཡིག་ (3)
| Part of speech
|
མིང་ཚིག
|
| Definition
|
ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་བཅས་བཅུ་གཉིས་ཏེ། འདི་རྣམས་བྱེ་བྲག་མིང་གཞིའི་རྟགས་ཀྱི་དབྱེ་བའི་སྐབས་ཀྱི་མོ་ཡིག་ཡིན།
|
མོ་ཡིག་ (4)
| Part of speech
|
མིང་ཚིག
|
| Definition
|
ང་མ་འ་བཅས་གསུམ་སྟེ། འདི་རྣམས་རྗེས་འཇུག་གི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བའི་སྐབས་ཀྱི་མོ་ཡིག་ཡིན།
|
མོ་ཡིག་ (5)
| Part of speech
|
མིང་ཚིག
|
| Definition
|
མོ་པས་མོ་འདེབས་བྱེད་ཀྱི་དཔེ་ཆ།
|