56918

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོ་རྒྱུད་གསུམ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། འདུལ་བ་རྒྱུད་དྲུག་གི་ནང་གསེས་སོ་སོར་ཐར་པའི་བྱེེ་བྲག་འབྱེད་སྡོམ་གྱི་རྒྱུད་དང་། གཅིག་ཉམས་གཅིག་ལེན་ལས་སྡོམ་གྱི་རྒྱུད་དང་། གཅིག་ལྟོས་འགོག་པ་ཕྱོགས་སྡོམ་གྱི་རྒྱུད་དང་གསུམ་མོ། །གཞུང་དེ་གསུམ་ལ་མོ་རྒྱུད་ཅེས་འདོགས་པའི་དོན་ཡང་གཙོ་བོ་ཟ་མ་མོ་ཡི་སྡེ་ལ་དྲང་སྲོང་མོ་ཡི་ཁྲིམས་སུམ་བརྒྱ་དྲུག་ཅུ་བསྟན་པས་འཇོག་པ་ཡིན་ཏེ། འདུལ་བ་ཀུན་འབྱུང་དབྱིངས་དག་ལས། མོ་རྒྱུད་རྣམ་གསུམ་ཁོ་མ་ནེའུ་ཆུང་མོ་ཁྲིམས་ཡིན། རྩ་བ་བརྒྱད་ལས་གྱེས་པའི་སུམ་བརྒྱ་དྲུག་ཅུ་མོ་ལ་བོན། ཞེས་དང་། བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ལས། མོ་རྒྱུད་གསུམ་ནི། སོ་སོར་ཐར་པའི་བྱེ་བྲག་འབྱེད་སྡོམ་གྱི་རྒྱུད་དང་། གཅིག་ཉམས་གཅིག་ལེན་ལས་སྡོམ་གྱི་རྒྱུད་དང་། གཅིག་ལྟོས་འགོག་པ་ཕྱོགས་སྡོམ་གྱི་རྒྱུད་དང་གསུམ་ནི། དྲང་སྲོང་མོ་རྒྱུད་ཚུལ་བཅས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།