From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མོད་ (1)
| Part of speech
|
ཕྲད་ཚིག
|
| Definition
|
ཚིག་སྔ་མའི་མཐའ་མཇུག་ཏུ་སྦྱར་བའི་མོད་སྒྲ་རྐྱང་པས་ཕྱི་ཚིག་འགལ་བའི་དོན་སྟོན་དུ་རུང་ཡང་། རྣམ་ཀུན་དངོས་སུ་བེད་སྤྱོད་གཏོང་དུས་དོན་མཐུན་པའི་ཚིག་གྲོགས་གཞན་དང་ཟུང་དུ་སྦྲེལ་བའི་ཕྲད་ཉིས་འདུས། མོད་ཀྱི་དང་། མོད་ཀྱང་སོགས་སྦྱོར་བ་ཡིན།
|
| Example
|
ས་སྐྱ་ལེགས་བཤད་ལས། ཉེས་པ་ལ་ལས་དོན་གྲུབ་གྲུབ་པ། །བྱུང་ཡང་མཁས་རྣམས་ག་ལ་སྨོན། །ལེགས་པར་བསྒྲུབས་ཀྱང་སྐྱོན་སྲིད་མོད། །དེ་ལ་མཁས་རྣམས་ཁྲེལ་བ་མེད། །ཅེས་འབྱུང་བ་ལྟ་བུ།
|
མོད་ (1)
| Part of speech
|
རྒྱན་ཚིག
|
| Definition
|
མོད་པོ་ཡི་བསྡུས་ཚིག་སྟེ། མང་པོའམ་འབེལ་པོའི་དོན།
|
| Example
|
ཁོ་ལ་རོགས་བྱེད་མཁན་མོད་པས་སེམས་ཁྲལ་མི་འདུག་ལྟ་བུ།
|
| Antonyms
|
དཀོན།
|