56986
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀཿཐོག་བླ་རབས་སྐབས་ཀྱི་འཆད་ཉན་མཁན་རབས་བཅུ་གསུམ་པ་སྟེ། ཁོང་ནི་མོན་ཡུལ་དུ་སྐུ་འཁྲུངས། ཆུང་ནས་ཀཿཐོག་ཏུ་ཕེབས་ཏེ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་སོགས་ལས་ཐོས་བསམ་རྒྱ་ཆེར་མཛད། དབོན་ཚུལ་ཁྲིམས་མགོན་པོའི་མདུན་ཡང་སྨིན་གྲོལ་ཁ་ཤས་གསན། སྒོམ་བྱུང་གི་ཤེས་རབ་བརྡོལ་ནས་འཆད་ཉན་མཁན་པོ་ལོ་མང་དུ་མཛད། ཁམས་དབུས་ཀུན་དང༌། མངའ་རིས། འབྲུག་ཡུལ། བལ་ཡུལ། མོན་ཡུལ་རྣམས་སུ་སྔ་འགྱུར་བསྟན་པ་རིན་པོ་ཆེ་འཆད་ཉན་གྱི་སྒོ་ནས་སློབ་བརྒྱུད་མང་དུ་འཕེལ། ཆོས་བརྒྱུད་ཕྱོགས་མེད་དུ་རྒྱས། མོན་ཀཿཐོག་དགོན་ཞེས་གྲགས་པ་དེ་ཡང་རྗེ་འདིའི་གདན་ས་ཡིན་ནོ། ། |