56992
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གསུམ་པའི་མགོར་མོན་གྲོང་དུ་འཁྲུངས། གཞོན་དུས་ནས་ཀུན་མཁྱེན་མཚོ་སྣ་བ་ལས་རབ་བྱུང་བསྒྲུབས། མཚན་ལ་ཚུལ་ཁྲིམས་བཀྲ་ཤིས་ཞེས་སྩལ། སྡེ་སྣོད་གསུམ་གྱི་དགོངས་འགྲེལ་དང་བཅས་པར་མཁས་པར་སྦྱངས། མངོན་པ་སྡེ་བདུན་ལ་མཁས་པའི་གདེང་ཐོབ། ཀུན་མཁྱེན་མཚོ་སྣ་བ་ལས་བསྙེན་པར་རྫོགས། བྱང་ཆུབ་ལམ་རིམ་གྱི་དོན་ཉམས་བཞེས་མཛད། ཀུན་མཁྱེན་མཚོ་སྣ་བའི་གདན་སའི་ཁྲི་ལ་མངའ་གསོལ། དགེ་འདུན་གྱི་ཚོགས་འདུལ་བ་དང་མངོན་པའི་འཆད་ཉན་གྱིས་བསྐྱངས། སློབ་མ་གྲགས་ཆེ་བ་ནི་གྲུབ་ཆེན་ལས་ཀྱི་རྡོ་རྗེ་དང་། མཁན་ཆེན་ཆོས་སྐྱབས་བཟང་པོ་ཡིན། གསུང་རྩོམ་ནི་ལམ་རིམ་གྱི་ཁྲིད་ཡིག་བཅས་བཞུགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉེར་གཅིག་པ་ཡིན། |