From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མོན་ཆ་ར་ (1)
| Part of speech
|
མིང་ཚིག
|
| Definition
|
ལོ་མང་སྐྱེ་བའི་ཤིང་སྡོད་དགུན་ཡ་སྔོན་པོར་སྡོད་པའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རིང་ཞིང་། ཤིན་ཏུ་མཁྲེགས་པའི་ཕྱི་པགས་ཁམ་ནག་མཐུག་ཅིང་ནང་མདོག་དཀར་བ་དང་སྨུག་ནག་གཉིས་ཡོད་ལ། ཡལ་ག་དང་ཡལ་ཕྲན་མང་ཞིང་གསར་སྐྱེས་ཡལ་ག་ལྗང་ལ་མཉེན་པར་སྤུ་འཇམ་ཐར་ཐོར་ཡོད་པ། ལོ་མ་སྔོན་པོར་མཐུག་ཅིང་གྱོང་བ་སྒོང་དབྱིབས་འདྲ་བའི་མཐར་ཉག་ཆུང་ཚེར་མ་ཅན་ཁབ་རྩེ་ལྟར་རྣོ་བོ་ཡོད་པའི་རྒྱབ་ལོགས་སུ་རྫ་སེར་མདོག་གི་སྤུ་མཐུག་པོས་ཁྱབ་ཡོད་ལ་རྩ་རིས་འབུར་དུ་དོན་ཞིང་ངར་པ་ཐུང་ངུ་རེས་མོས་སུ་སྐྱེས་ཡོད། མེ་ཏོག་སེར་སྐྱ་ཆུང་བ་སྙེ་དབྱིབས་ཅན་བང་རིམ་དུ་ལོ་མའི་མཚམས་ནས་ཁ་ཐུར་དུ་འཕྱང་ནས་བཞད་ཅིང༌། འབྲས་བུ་ལྗང་སེར་སྨིན་ཚེ་སྨུག་ནག་ཏུ་གྱུར་པ་ཧྲིལ་པོ་ཇའི་འབྲས་བུ་འདྲ་བའི་ནང་སྙིང་དཀར་པོ་ཉ་ཁྲབ་འདྲ་བ་ཡོད། སྨན་དུ་དགོས་པ་བེ་ཁྲག་ཅེས་བེ་ཤིང་དཀར་ནག་གཉིས་ཡོད་པ་ལས། ལོ་ངོ་བཅུ་ཕྲག་ཁ་ཤས་ཕྱིན་པའི་བེ་ནག་རྒན་པོའི་སྡོང་པོ་གཅོད་སྐབས་སྡོང་པོའི་ནང་ནས་འཚི་བའམ་ཐང་ཆུ་ཁྲག་མདོག་འདྲ་བ་དམར་ནག་དོན་པ་དེ་སྐམ་ཚེ་ར་ཁྲག་སྐམ་པོ་འདྲ་བ་དེ་ལ་བེ་ཁྲག་ཟེར་བ་ཡིན་ཏེ། བོད་ཀྱི་ཉིང་ཁྲི་དང༌། སྤོ་ཡུལ། རྫ་ཡུལ། སྨན་གླིང་སོགས་ནགས་ཁུལ་གྱི་རི་ཀླུང་གང་སར་སྐྱེ་བ། བོད་ཟླ་བདུན་པ་ཙམ་ལ་འབྲས་བུ་སྨིན་ཏེ་སར་ལྷུང་སྐབས་བསྒྲུག་རྒྱུ་དང༌། བེ་ཁྲག་སྟོན་དཔྱིད་གང་རུང་ལ་ལེན་ནས་མ་རུལ་བར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་ལྕི་ལ་རྣོ་བས་ཚ་གྲང་གི་འཁྲུ་བ་དག་གཅོད་པར་བྱེད་པ་ཡིན།
|
| Domain
|
གསོ་རིག
|
མོན་ཆ་ར་ (2)
| Part of speech
|
མིང་ཚིག
|
| Definition
|
མོན་ལ་སྐྱེས་པའི་ཤིང་ཆ་ར།
|