57020

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོས་ (1)
Part of speech བྱ་ཚིག
Definition ཡིད་འཐད་པའམ་དགའ་བའི་དོན་ཏེ།
Keyword True
Example མཚན་ཉིད་རིག་པ་ལ་མོས་པ་ཆེ། ཁོང་གི་བྱ་སྤྱོད་ལ་མོས་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
མོས་ (2)
Part of speech བྱ་ཚིག
Definition དོན་གང་ཞིག་ཡིད་ལ་འཆར་དུ་བཅུག་པའམ་སེམས་པ་སྟེ།
Example རང་ཉིད་ལྷ་ལ་མོས་ནས་སྔགས་བཟླས་ལྟ་བུ།
མོས་ (3)
Part of speech བྱ་ཚིག
Definition ཡིད་ཆེས་དང་དད་པའི་དོན་ཏེ།
Example རང་ཉིད་དམ་པའི་ཆོས་ལ་ཧ་ཅང་མོས་ལྟ་བུ།