From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མོས་པ་ལས་བྱུང་བའི་འགྲོ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
རྫུ་འཕྲུལ་གྱིས་འགྲོ་བ་གསུམ་གྱི་ནང་གསེས་ཤིག་སྟེ། ལམ་ཐག་རིང་པོའང་ཐུང་ངུར་མོས་པ་བྱས་པས་མྱུར་དུ་སླེབ་པ་མོས་པ་ལས་བྱུང་ངོ་། །འདི་ནི་སངས་རྒྱས་ལས་གཞན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལའང་ཡོད་དེ། ཐག་རིང་པོ་ལ་ཉེ་བར་མོས་ནས་མྱུར་དུ་འགྲོ་བའི་ཕྱིར་རོ། །
|
| Domain
|
ཆོས་ལུགས།
|
མོས་པ་ལས་བྱུང་བའི་འགྲོ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
རྫུ་འཕྲུལ་གྱིས་འགྲོ་བ་གསུམ་གྱི་ཡ་གྱལ་གཅིག་སྟེ། མཆིམས་མཛོད་ལས། ལམ་ཐག་རིང་པོའང་ཐུང་ངུར་མོས་པ་བྱས་པས་མྱུར་དུ་སླེབ་པ་མོས་པ་ལས་བྱུང་བ་དང༌། ཞེས་གསུངས།
|