57034

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོས་པ་སྒོམ་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ལུང་རིགས་ཀྱི་རྒྱུ་ལས། ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་མཐའ་གཅིག་ཏུ་ངེས་པར་འཛིན་པའི་དད་པ་མཚུངས་ལྡན་དང་བཅས་པའོ། །ཡུལ་ལ་གཉིས་ཏེ། དངོས་དང་། ཆེད་དུ་བྱ་བའི་དམིགས་པའོ། །དང་པོ་ནི། ཡུམ་རྗོད་བྱེད་དང་བཅས་པ་ཡིན་ལ། གཉིས་པ་ནི། རང་གཞན་གྱི་དོན་གསུམ་མོ། །དོན་སྒྲུབ་ཚུལ་ལ། རང་དོན་མོས་པས་གཙོ་བོར་རང་དོན་དང་། གཞན་དོན་ཆེད་དུ་བྱ་བས་སྒྲུབ་ཏེ། གཞན་གྱི་ཆེད་དུ་བདག་མེད་བསྒོམས་པས་རང་གི་རྒྱུད་སྨིན་པ་ལྟར་རོ། །གཉིས་དོན་མོས་པས་གཉིས་ཀའི་དོན་སྒྲུབ་སྟེ། རང་ཡང་ཤེར་ཕྱིན་ལ་སྤྱོད་ཅིང་གཞན་ཡང་དེ་ལ་བཀོད་པས་གཉིས་ཀའི་རྒྱུད་སྨིན་པ་ལྟར་རོ། །གཞན་དོན་མོས་པས་ནི་གཙོ་བོར་གཞན་དོན་བསྒྲུབས་ནས་ཞར་ལ་རང་དོན་སྒྲུབ་པ་སྟེ། རང་གིས་རྟོགས་པ་གཞན་ལ་བསྟན་པས་གཞན་སྨིན་པར་བྱེད་པ་ལྟར་རོ། །ས་མཚམས་ནི། རང་དོན་མོས་པ་ནི། མ་དག་ས་བདུན་གྱི་རྗེས་ཐོབ་ཀྱིས་བསྡུས་ཏེ། ཉོན་ཡིད་མ་སྤངས་པས་ང་རྒྱལ་ཕྲ་མོ་འབྱུང་བའི་ཕྱིར། གཉིས་དོན་མོས་པ་ནི། ས་བརྒྱད་པ་དང་། དགུ་པས་བསྡུས་ཏེ། ཉོན་ཡིད་གནས་གྱུར་པས། བདག་གཞན་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར། གཞན་དོན་མོས་པ་ནི། ས་བཅུ་པས་བསྡུས་ཏེ། གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཉམ་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོའི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །མཚན་ཉིད་ནི། ལུང་རིགས་རྣམ་དག་ལ་བརྟེན་ནས་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་འདུན་པ་དང་དབང་ལྡན་གྱི་ཚུལ་དུ་མཚུངས་པར་ལྡན་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་སོ། །དབྱེ་ན། རང་དོན་མོས་པ་ཡིད་ལ་བྱེད་པའི་བླ་ན་མེད་པའི་སྒོམ་ལམ། གཉིས་དོན་མོས་པ་ཡིད་ལ་བྱེད་པའི་བླ་ན་མེད་པའི་སྒོམ་ལམ། གཞན་དོན་མོས་པ་ཡིད་ལ་བྱེད་པའི་བླ་ན་མེད་པའི་སྒོམ་ལམ་དང་གསུམ། ཞེས་དང། ས་མཚམས་ནི། རིམ་པ་བཞིན་དུ་ས་གཉིས་པ་ནས་བདུན་པའི་བར་དང། བརྒྱད་པ་དང་། དགུ་པ་གཉིས་དང། བཅུ་པ་རྣམས་ལ་བཞག་གོ ། ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།

{{#arraymap:མོས་པ་སྒོམ་ལམ་

|; |@@@ | | }}

མོས་པ་སྒོམ་ལམ་ (2)
Part of speech མིང་ཚིག
Definition ཡུམ་རང་དོན་གྱི་འབྱུང་གནས་སུ་འཛིན་པ། དེ་གཞན་དོན་གྱིས་འབྱུང་གནས་སུ་འཛིན་པ། དེ་རང་དང་གཞན་གཉིས་ཀའི་དོན་གྱི་འབྱུང་གནས་སུ་འཛིན་པ་གང་རུང་གིས་བསྡུས་པའི་རྟོག་པར་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། མོས་ལ་སྒོམ་ལམ་གྱི་མཚན་ཉིད། དེ་ལ་རྩ་བའི་སྒོ་ནས་དབྱེ་ན། རང་དོན་མོས་པ་སྒོམ་ལམ། གཞན་དོན་མོས་པ་སྒོམ་ལམ། གཉིས་དོན་མོས་པ་སྒོམ་ལམ་དང་གསུམ་ཡོད། དེ་ལ་ཡན་ལག་གིས་སྒོ་ནས་དབྱེ་ན། དེ་གསུམ་པོ་རེ་རེ་ལ་ཆུང་ངུ༌། འབྲིང༌། ཆེན་པོ་གསུམ་གསུམ་དུ་དབྱེ་བས་དགུ་ཡོད། དེ་ལ་ཉིང་ལག་གིས་སྒོ་ནས་དབྱེ་ན། རང་དོན་མོས་པ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ནས་དེ་ཆེན་པོའི་ཆེན་པོ་བར་དགུ་ཡོད། དེ་བཞིན་དུ་གཞན་དོན་མོས་པ་སྒོམ་ལམ། གཉིས་དོན་མོས་པ་སྒོམ་ལམ་ལ་ཡང་དགུ་དགུ་སྟེ་ཉེར་བདུན་ཡོད་དོ། །

{{#arraymap:མོས་པ་སྒོམ་ལམ་

|; |@@@ | | }}