57043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོས་པའི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ས་དང་པོ་འགྱུར་བ་མ་ངེས་པའི་སར་རྣལ་འབྱོར་དྲུག་ཐོབ་པའི་ལྔ་པ་ཡིན། འདི་ནི་སྔར་ཚུལ་རྟགས་འཛིན་པའི་རྣལ་འབྱོར་ལས་ཀྱང་ཁྱད་པར་དུ་གསང་བའི་ལྷ་དང་སྔགས་དོན་ལ་ཤིན་ཏུ་མོས་པའི་བསམ་པ་ལ་སྤྱོད་པར་སྒོམ་པ་དང་མཚན་མེད་སྐབས་ཆོས་ཉིད་མི་རྟོག་པའི་མིང་ཙམ་གྱི་ཚུལ་འཛིན་པ་ལ་དད་ཅིང་མོས་ཕྱིར་མོས་པའི་རྣལ་འབྱོར་ཞེས་བྱ་དཔེ་ནི་སྤྲིན་ཕུང་ལྟ་བུའོ། །ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷ་སྒོམ་སྐབས། ཉམས་བརྟན་པ་ལྷའི་རྒྱན་བག་རེ་གསལ་བ་ལ་མོས་པའོ། །ཉམས་ནི་བྱ་བ་བྱེད་པའི་ཏིང་ངེ་འཛིན་ལ་སྦྱོར་བ་དང་འཕྲོ་འདུ་ནི་དབུགས་ཀྱི་བསྙེགས་ཚད་དུ་བྱེད། ཁྱོན་ནི་ཁྲུ་བཞི་སྟེ་རང་གི་ལུས་པོ་ཙམ་དུ་སྒོམ། གྲངས་ནི་ལྷ་གཅིག རྣམ་པའི་ཁྱད་པར་ནི་རྟོག་པའི་ལྷའོ། །མཚན་མེད་ཆོས་ཉིད་སྒོམ་སྐབས་གཡོ་བ་བྱང་ཆུབ་ཀྱི་སེམས་དཔེ་སྐར་མ་རབ་རིབ་ལྟར་འཆར་ལ། ལྟ་བ་ནི་གསང་བ་མཆོག་གི་དེ་ཁོ་ན་ཉིད་ཀྱི་མིང་ཙམ་དུ་འཛིན་པ་དང༌། སྒོམ་པ་ནི་བྱ་བ་བྱེད་པའི་ཏིང་ངེ་འཛིན་དང༌། སྤྱོད་པ་ནི་བསོད་ནམས་ཀྱི་དཔུང་གིས་རྣམ་པར་དཀར་བའི་སྤྱོད་པའོ། །ཉམས་དང་རྣལ་འབྱོར་ཕྲ་མོ་ཀུན་མཚན་བཅས་ཀྱི་སྐབས་དང་ཐུན་མོང་ཡིན་པར་གསུངས།
Domain ཆོས་ལུགས།

{{#arraymap:མོས་པའི་རྣལ་འབྱོར་

|; |@@@ | | }}