57082
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འགོག་རྒྱན་ཉེར་གསུམ་གྱི་ནང་གསེས་བཅོ་བརྒྱད་པ་སྟེ། ངེས་པར་དུ་བྱ་འོས་པའི་བྱ་བ་གང་ཡང་མ་བྱས་པར་རང་བཞིན་གྱིས་དུས་སྐབས་བཟང་པོ་ཤོར་བའི་གནས་ཚུལ་མཐོང་ནས་མྱ་ངན་གྱི་རྣམ་པས་སྙིང་རྗེ་བའི་ཚུལ་བརྗོད་པའི་སྒོ་ནས་འགོག་པ་ཞིག་ཡིན། འདི་ལ་སྙིང་རྗེས་འགོག་པ་ཡང་ཟེར། |
Example | བོད་མཁས་པས། མཆོད་སྦྱིན་མ་སྤེལ་སྦྱིན་པའི་ཆར་མ་ཕབ། །གཉེན་འཁོར་འབངས་ལ་བསྟབས་མིན་རང་གིས་ཀྱང་། །སྤྱད་པར་མ་བཟོད་བུཎྱ་ནཱ་ཐའི་མཛོད། །ཡུད་ཀྱིས་སྟོངས་པར་གྱུར་འདིའི་སྣང་ཚུལ་གཟིགས། །ཞེས་པ་ལྟ་བུ། |
Domain | རྩོམ་རིག |
{{#arraymap:མྱ་ངན་གྱིས་འགོག་པ་
|; |@@@ | | }}