57098
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མྱ་ངན་ལས་འདས་པའི་གཞིར་བསྟན་པ་བཅོ་ལྔ་ནི། ལམ་ཀློང་དུ་གྱུར་པ་ཡོན་ཏན་གྱི་གཞིར་བསྟན་པ་ཞེ་བརྒྱད་ཀྱི་ནང་གསེས་ཏེ། ཐམས་ཅད་བསྐྱེད་པས་ཡུམ་དང། དེ་ལས་བྱུང་བས་ཡབ་དང། གདུང་རྒྱུད་འཛིན་པས་སྲས་དང། རང་བྱུང་བ་ཉིད་པས་དབང་བདག་དང། དེ་བཞིན་ཉིད་པས་གདུང་ཆེན་པོ་དང། འདའ་བར་དཀའ་བས་ཐུགས་དམ་ཆེན་པོ་དང། རྣམ་པར་འཚོ་བས་སྲོག་དང། ཟད་མི་ཤེས་པས་གཏེར་ཆེན་པོ་དང། འདོད་པ་སྒྲུབ་པས་ནོར་དང། རྒྱུན་གྱི་སྙིང་རྗེས་ཀུན་གྱི་བྱ་བ་བྱེད་པས་བྲན་དང། རྣམ་པར་བརྗིད་པས་སྐུ་དང། སྨྲ་བརྗོད་བྱུང་བས་གསུང་དང། ཐམས་ཅད་མཁྱེན་པས་ཐུགས་དང། འདོད་དགུ་འབྱུང་བས་ཡོན་ཏན་དང། བྱ་བ་བྱེད་པས་ཕྲིན་ལས་བཅས་བཅོ་ལྔའོ། ། |
Domain | ཆོས་ལུགས། |
{{#arraymap:མྱ་ངན་ལས་འདས་པའི་གཞིར་བསྟན་པ་བཅོ་ལྔ་
|; |@@@ | | }}