571

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྱེཻ་རྡོར་གྱི་རྒྱུད་གསུམ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། རྩ་བའི་རྒྱུད་བརྟག་གཉིས། བཤད་པའི་རྒྱུད་རྡོ་རྗེ་གུར། མན་ངག་གི་རྒྱུད་རྡོ་རྗེ་སམ་བྷུ་ཊིའོ། ། ཀྱེཻ་རྡོ་རྗེའི་རྩ་རྒྱུད་ལ་རྒྱས་པ་འབུམ་ཕྲག་བདུན་ཡོད་པ་དང་། འབྲིང་པོ་ལ་འབུམ་ཕྲག་ལྔ་ཡོད། བསྡུས་པ་ལ་བརྟག་པ་གཉིས་ཡོད་པའི་བརྟག་པ་དང་པོ་ལ་ལེའུ་བཅུ་གཅིག བརྟག་པ་གཉིས་པ་ལ་ལེའི་བཅུ་གཉིས་བཅས་ཡོད་པའི་ནང་བསྡུས་པ་བརྟག་པ་གཉིས་པ་ནི་ཐོག་མར་འབྲོག་མི་ལོ་ཙྭ་བ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཞིང་། རྗེས་སུ་འགོས་ལོ་གཞོན་ནུ་དཔལ་གྱིས་འགྱུར་བ་རྣམས་ཁ་སྐོོང་མཛད། བཤད་རྒྱུད་རྡོ་རྗེ་གུར་འདི་རྩ་རྒྱུད་འབྲིང་པོ་འབུམ་ལྔ་ལ་ལྟོས་ཏེ་བསྡུས་རྒྱུད་དང་། རྩ་རྒྱུད་བརྟག་གཉིས་ལ་ལྟོས་ཏེ་བཤད་རྒྱུད་ཡིན་པ་ལེའུ་བཅོ་ལྔ་ཡོད། འབྲོག་མི་ལོ་ཙྭ་བའི་འགྱུར་བཤད་རྒྱུད་སམ་བྷུ་ཊ་འདི་བོད་སྔ་རབས་ཀྱི་བླ་མ་མང་པོ་ཞིག་གིས་ཀྱེཻ་རྡོ་རྗེའི་བཤད་རྒྱུད་ཡིན་པར་བཞེད། བུ་སྟོན་རིན་པོ་ཆེས་རྒྱུད་འདི་མ་རྒྱུད་མང་པོ་ཞིག་གི་བཤད་རྒྱུད་ཡིན་པར་མ་ཟད། ལྷག་པར་དུ་བདེ་མཆོག་གི་བཤད་རྒྱུད་ཡིན་པར་བཞེད་པ་བཞིན་སྡེ་དགེ་ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་ཀྱང་བུ་སྟོན་རིན་པོ་ཆེའི་བཞེད་པ་དེ་དོན་ལ་གནས་པར་གསུངས། རྒྱུད་འདི་ལ་བརྟག་པ་བཅུ་དང་། བརྟག་པ་རེ་རེ་ལ་རབ་བྱེད་བཞི་རེ་ཡོད་པ། རྒྱུད་ཕྱི་མ་དང་བཅས་པ་འབྲོག་མི་ལོ་ཙྭ་བའི་འགྱུར་ཡིན། གོང་གསལ་རྒྱུད་དང་པོ་གཉིས་སྡེ་དགེ་བཀའ་འགྱུར་རྒྱུད་པོད་ང་པའི་ནང་ཡོོད་ཀྱང་། རྒྱུད་སམ་བྷུ་ཊི་ནི་རྒྱུད་པོ་ག་པའི་ནང་ཡོད།
Domain ཆོས་ལུགས།

{{#arraymap:ཀྱེཻ་རྡོར་གྱི་རྒྱུད་གསུམ་

|; |@@@ | | }}