57121

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མྱང་ཏིང་འཛིན་བཟང་པོ་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་དཀྱིལ་དུ་འཁྲུངས། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་བན་དེ་བཀའ་ཆེན་པོ་ལ་གཏོགས་པ་བཀའ་གཙིགས་ལས་གསལ བཀའ་གཙིགས་ཀྱི་མ་ཡིག་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འཁོད། མཚན་གཞན་ལ་བན་དེ་མྱང་ཏིང་ངེ་འཛིན་ཞུ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རབ་ཏུ་བྱུང། རྒྱལ་པོ་ལྡེ་ཁྲི་སྲོང་བཙན་སད་ན་ལེགས་མཇིང་ཡོན་ཆུང་ངུའི་སྐབས་བུ་རྫི་མཛད། དྲིན་གཟོའི་ཕྱིར་རྒྱལ་པོ་སད་ན་ལེགས་མཇིང་ཡོན་གྱིས་བཀའ་གཙིགས་སྔ་ཕྱིར་ལན་གཉིས་གནང་། གཙིགས་ཀྱི་མདོ་རྡོ་རྗེ་རིང་ལ་ཡི་གེ་བརྐོས་ནས་ཞྭའི་ལྷ་ཁང་གི་མདུན་དུ་བསླངས། རྡོ་རིང་ལ་བྲིས་པའི་བཀའ་གཙིགས་སྔ་ཕྱི་ལན་གཉིས་ཀྱི་མ་ཡིག་ངོ་བཤུས་ནི་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་རྣམས་གཉིས་ཀྱིས་མཛད་པའི་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་མོད་ཙམ་བརྗོད་པ་སྔོན་བྱོན་མཁས་པའི་བཞེད་དགོངས་ཀྱི་བུམ་བཟང་མཛེས་པར་བརྒྱན་པའི་རྨ་བྱ་གཞོན་ནུའི་སྒྲོ་མདོངས་ཞེས་པའི་ཁྲོ་དཔར་གྱི་ཤོག་ངོས་བཅོ་ལྔ་དང་སོ་གཉིས་ན་གསལ།

{{#arraymap:མྱང་ཏིང་འཛིན་བཟང་པོ་

|; |@@@ | | }}