57124
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་དྲུག་པའི་སྨད་དུ་འཁྲུངས། རྒྱལ་པོ་གནམ་རི་སྲོང་བཙན་དང་། རྒྱལ་པོ་སྲོང་བཙན་སྒམ་པོ་བློན་པོ་མཛད། སུམ་པའི་རྒྱལ་ཁམས་ཐབས་མཁས་ཀྱི་སྒོ་ནས་འབངས་སུ་བཀུག། རྒྱལ་བློན་གཉིས་ཀྱི་བར་ལ་བློན་པོ་ཁྱུང་པོ་སྤུང་སད་ཟུ་ཙེས་ཕྲ་མ་བཅུག་པས་རྒྱལ་པོ་སྲོང་བཙན་སྒམ་པོས་མྱང་བློན་བློ་ལོག་པར་དགོངས་ནས་མཁར་སྤུར་བའི་མཐའ་ནས་དམག་གིས་བསྐོར་བ་དང་། མྱང་རང་གི་འཁོར་གཡོག་པ་ཚབ་གྱིམ་ཕོ་ཟེར་བས་ནང་དུ་བསླུ་ཐབས་ཀྱིས་བཀྲོངས། |
{{#arraymap:མྱང་མང་པོ་རྗེ་ཞང་སྣང་
|; |@@@ | | }}