57126

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མྱང་ཙེང་སྐུ་ (1)
Part of speech མིང་ཚིག
Definition དུས་རབས་དྲུག་པའི་མགོར་འཁྲུངས། དང་པོ་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་བློན་པོ་ཡིན། དེར་ཡིད་མ་རངས་བར་རྒྱལ་པོ་སྟག་རི་གཉན་གཟིགས་མགོ་འབུལ་གྱིས་ཟིང་པོ་རྗེ་ཁྲི་པངས་སུམ་བརླག་པའི་མནའ་ཕུལ། སྟག་རི་གཉན་གཟིགས་གྲོངས། རྒྱལ་པོ་གནམ་རི་སྲོང་བཙན་ལ་མནའ་ཚིག་བོར་ཞིང་ཟིང་པོ་རྗེ་ཁྲི་པངས་སུམ་བརླགས། གནམ་རི་སྲོང་བཙན་གྱི་མངའ་ཞབས་སུ་བསྡུས། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ཀྱང་མྱང་ཙེང་སྐུ་ལ་གཉན་འཛི་ཟུང་ནག་པོའི་མཁར་སྡུར་བ་དང་། བྲན་གཡོག་ཁྱིམ་ཚང་ཆིག་སྟོང་ལྔ་བརྒྱ་བྱ་དགའ་གནང་། བློན་པོར་བཅུག།

{{#arraymap:མྱང་ཙེང་སྐུ་

|; |@@@ | | }}