57137

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མྱང་སྟོད་སྐྱིད་ཕུག་དགོན་ (1)
Part of speech མིང་ཚིག
Definition མྱང་སྟོད་སྐྱིད་ཕུག་དགོན་འདི་ནི་དེང་གི་གནས་ཡུལ། བོད་གཙང་རྒྱལ་རྩེ་གྲོང་ཁྱེར། བཙས་ཁ་གྲོང་རྡལ། གཡའ་ཡེ་གྲོང་ཚོའི་ལྷོ་ངོས་ཀྱི་རི་ལྡེབས་སུ་ཆགས་ཡོད། དགོན་འདི་ལྷ་རྩེ་བ་ངག་དབང་བཟང་པོའི་དངོས་སློབ། རྗེ་བཙུན་ཤེས་རབ་འབྲུག་རྒྱས་ཀྱིས་ཕྱག་འདེབས་གནང་མཛད་པ་ནས་ད་བར་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན། རྗེ་བཙུན་ཤེས་རབ་འབྲུག་རྒྱལ་ནི་འཁྲུངས་ཡུལ་གཉེན་ཡུལ་ཁྱུང་པོའི་རིགས་ལས་ཡབ་མགོན་པོ་ལེགས་པ་དང༌། ཡུམ་དགོས་འཛོམས་ཞེས་པའི་སྲས་སུ། རབ་བྱུང་བཅུ་པའི་ས་ཡོས་ ༡༥༧༩ ལོར་འཁྲུངས། དགོན་སྡེ་འདི་ཤེས་རབ་འབྲུག་རྒྱལ་སྐུ་ཕྲེང་རིམ་བྱོན་གྱིས་གདན་ས་བསྐྱངས། འབྲུག་པ་པདྨ་དཀར་པོའི་སྐབས་སུ་རྒྱལ་བྱེད་ཚལ་དགོན་དེ་བཤད་པ་གྲྭ་ཚང་དང་། སྐྱིད་ཕུག་དགོན་འདི་ཉིད་སྒྲུབ་པ་གྲྭ་ཚང་གནང་སྟེ། དགོན་འདིར་གཙོ་ཆེ་བ་སྒྲུབ་པ་ཉམས་ལེན་མཛད་མཁན་རྣམས་བཞུགས། བགྲང་བྱ་བཅུ་གཉིས་རེའི་ཐོགས་སྐྱིད་ཕུག་དགོན་དང་། བསམ་འགྲུབ་ཆོས་ལྡིངས་དགོན་གཉིས་རེས་མོས་ཀྱིས་སྤྲེལ་ཟླ་སྤྲེལ་ལོའི་སྐབས་ཞ་ལུ་དགོན་པའི་རྟོགས་ལྡན་ཚོ་དང་ལྷན་དུ། རྩ་རླུང་གཏུམ་མོའི་བདེ་དྲོད་ཀྱི་བོགས་འདོན་ཡོད་མེད་དང་རྒྱུགས་ལེན་འགྲན་སྡུར་དང་། སྐད་དོང་གི་རྟོགས་པ་འགྲན་སྲོལ་ཡོད་པ་ལྟར། ལོ་གཅིག་གི་སྤྲེལ་ཟླར་དགོན་འདི་དང་ཞ་ལུ་དགོན་གཉིས་སྐད་དོང་འགྲན་སྐབས་སྐྱིད་ཕུག་དགོན་གྱི་སྐད་དོང་རྒྱལ་བར་བརྟེན། སྡེ་པ་གཞུང་ནས་ཕྱག་དམ་དང་བཅས་དགོན་འདིས་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ཀྱི་སར་འཆང་ཆོག་པའི་དབང་ཆ་གནང་བ་སོགས་མྱང་ཆོས་འབྱུང་ལས་གསལ། དགོན་འདིའི་དགོན་ལག་ཀྱང་ནཱ་རོ་ཅུང་ཐོད་དང་། བྱ་ཁྱུང་དགོན། གློ་རི་དགོན་༼དེང་སྐབས་རྙིང་མ་བའི་ལུགས་སུ་གྱུར་ཡོད། ༽སོགས་མང་དུ་ཡོད་པ་རྣམས་དགོན་འདི་ནས་བདག་སྐྱོང་བྱ་སྲོལ་ཡོད། དགོན་ཕྱག་འདེབས་པ་པོ་རྗེ་བཙུན་ཤེས་རབ་འབྲུག་རྒྱས་ནས་རིམ་བཞིན་སྐུ་ཕྲེང་དགུ་པའི་བར་བྱོན་ཡོད་ཀྱང་བླ་མ་འདི་ཉིད་ལས་གཞན་པའི་མཛད་རྣམ་རེ་ཞིག་མ་རྙེད། རྒྱ་མིས་ཉམས་ཉེས་མ་བཏང་པའི་སྔོན་ཙམ་དུ་དགེ་འདུན་པ་བརྒྱད་ཅུ་གྲངས་ཡོད་པར་བཤད། སླར་སྤྱི་ལོ་ ༡༩༨༤ ལོར་གྲྭ་རྒན་བློ་བཟང་ལགས་ནས་གཙོ་བོར་སྦྱིན་བདག་གནང་སྟེ། སྔར་གྱི་དགོན་ཤུལ་དུ་འདུ་ཁང་། བཙན་ཁང་། མགོན་ཁང་བཅས་བསྐྱར་བཞེངས་གནང་། དེང་སྐབས་དགེ་འདུན་དྲུག་ཙམ་ཡོད། མ་དགོན་བདེ་ཆེན་ཆོས་འཁོར་དགོན་གྱི་ཕྱག་སྲོལ་ཇི་བཞིན་བསྐྱང་བ་བཅས་ཡིན་འདུག། །

{{#arraymap:མྱང་སྟོད་སྐྱིད་ཕུག་དགོན་

|; |@@@ | | }}