57160

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མྱུར་ཏུ་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་མྱུར་དུ་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཆོས་བཅུ་སྟེ། བྱང་ཆུབ་སེམས་དཔའ་དད་པ་དང་ལྡན་པར་བྱ་བ། བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱ་བ། དགེ་བའི་བཤེས་གཉེན་ཡོངས་སུ་མི་གཏང་བ། དགོན་པར་བརྟེན་ཅིང་འདུ་འཛི་སྤང་བ། བླ་མ་དང་མཁན་པོའི་གདམས་ངག་ཡོངས་སུ་སྩལ་བ། སྙིང་རྗེ་དང་ལྡན་པ། མང་དུ་ཐོས་པ་དང་ལྡན་པ། ཏིང་ངེ་འཛིན་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ། བརྩོན་འགྲུས་ཕུན་སུམ་ཚོགས་པས་དོན་མ་ལུས་པར་སྒྲུབ་པའོ། །
Domain ཆོས་ལུགས།

{{#arraymap:མྱུར་ཏུ་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཆོས་བཅུ་

|; |@@@ | | }}