57162

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མྱུར་དུ་ང་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་བྱམས་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། བདོག་པ་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བ། ཆུང་མ་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བ། བུ་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བ། མགོ་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བ། མིག་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བ། རྒྱལ་སྲིད་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བ། ལོངས་སྤྱོད་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བ། ཁྲག་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བ། རུས་པ་དང་རྐང་ཕངས་པ་ཡོངས་སུ་བཏང་བ། ཡན་ལག་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བ།
Domain ཆོས་ལུགས།

{{#arraymap:མྱུར་དུ་ང་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་ཆོས་བཅུ་

|; |@@@ | | }}

མྱུར་དུ་ང་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་ཆོས་བཅུ་ (2)
Part of speech མིང་ཚིག
Definition ང་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་ཆོས་ལ་གནས་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ། །ང་བཟོད་པའི་སྟོབས་དང་ལྡན་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ། །ང་བརྩོན་འགྲུས་འབར་བ་བརྩམས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ། །ང་བསམ་གཏན་གྱི་ཡོན་ཏན་གྱི་ཆོས་ལ་གནས་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ། །ང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ། །ངས་སེམས་ཅན་ཡོངས་སུ་མ་བཏང་བས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ། །ང་ཐབས་མཁས་པ་ལ་གནས་ཏེ་མྱུར་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ། །ང་སེམས་ཅན་ཐམས་ཅད་སེམས་སྙོམས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ། །ངས་སྟོང་པ་ཉིད་ཀྱི་ཆོས་རྟོགས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ། །ངས་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྟོགས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ། །

{{#arraymap:མྱུར་དུ་ང་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་ཆོས་བཅུ་

|; |@@@ | | }}