5717

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ག་བུ་ཐུད་གསོབ་ (1)
Part of speech མིང་ཚིག
Definition ཕ་བ་དགོ་དགོའི་མིང་གི་རྣམ་གྲངས་ཤིག།ཕ་བ་དགོ་དགོ་ནི་ཤ་མོང་གི་རིགས་ཤིག་ཡིན་ཞིང་། ལོ་རེ་བཞིན་སྐྱེ་བ་དང་སྤྱིའི་སྐྱེ་དབྱིབས་ཧ་ལམ་སྤོ་ལོ་འདྲ་ལ་ཆེ་ཆུང་སྣ་ཚོགས་ཡོད་པ་ཕྱི་པགས་དཀར་ལ་སྲབ་ཅིང་འཇམ་པར་སེར་ཐིག་ཆུང་ཆུང་མང་བ་དང་། ནང་དཀར་པོ་ཕྱུར་བའི་མདོག་འདྲ་ལ་སོབ་སོབ་ཡིན་པ། བོད་ཟླ་བདུན་པའི་ནང་རིམ་བཞིན་སྨིན་ཏེ་ཕྱི་པགས་རྫ་མདོག་ཏུ་གྱུར་ནས་འབོལ་ལ་མནན་ན་ནེམ་ནེམ་བྱེད་ཅིང་དུད་པ་སེར་ནག་གི་གང་བ་དང་། རྩ་བ་ཆུང་ཞིང་ཡལ་རྐང་སོགས་མེེད། འདི་མེ་མེད་དུད་པ་རྣམ་གསུམ་གྱི་ཡ་གྱལ་ཞིག་ཡིན་ཞིང་། བོད་ཡུལ་གྱི་ས་ཆ་མང་པོར་སྐྱེ་བ་དང་། ཆ་ཚང་བོད་ཟླ་བདུན་པའི་ནང་བཏུས་ཏེ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་སྙོམས་པས་རྨ་བཟོས་པ་དང་། ཁྲག་ཤོར་བ། ཤུ་བ་ནས་ཆུ་སེར་འཛག་པ་སོགས་ལ་ཕན། དེ་མིན་ཆུ་དང་སྦྱར་ཏེ་བྱུགས་པས་མེས་ཚིག་པའི་རྨ་དང་། གླ་རྩི་དང་སྦྱར་ལ་བྱུགས་པས་སྦྲུལ་གྱི་སོ་དུག་ལ་ཕན་པ་ཡིན་ལ། མཁྲིས་སྣ་དང་སྦྱར་ནས་ལྟོར་བཏང་ན་ཁྲག་འབྱམས་རིགས་གཅོད་པར་བཤད།

{{#arraymap:ག་བུ་ཐུད་གསོབ་

|; |@@@ | | }}