5719

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ག་བུར་ཏིས་ལོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོན་སྨན་རིགས་ཀྱི་སྐྱེ་དངོས་ཤིག་གི་མིང་། རྩ་བ་དུད་མདོག་རྒྱུས་པ་འདྲ་བ་དང་། སྡོང་པོ་ལྗང་ལ་ཧྲིལ་བར་སྨུག་མདངས་དང་སྤུ་དཀར་འཇམ་པོ་ཐུང་ངུ་མངོན་དཀའ་བ་ཡོད་པའི་སྟོད་ཆ་ནས་ཡལ་ག་གྱེས་ཤིང་། ལོ་ལམ་སྔོ་ལྗང་མཐུག་ཅིང་སྒོར་བའི་མཐར་ངེས་གཏན་མེད་པའི་ཉག་ག་ཆེན་པོ་ཁ་ཤས་ཡོད་པ་སྟེ་བྱ་རྐང་གི་ལོ་དབྱིབས་དང་འདྲ་ལ་ངར་པ་རིང་པོ་རེ་མོས་སུ་སྐྱེ་བ། གཞི་རྩ་ནས་སྐྱེ་བའི་ལོ་མའི་ངར་པ་རིང་ལ་ཁ་དོག་སྨུག་པོ་ཡིན། མེ་ཏོག་གཞི་རྐང་ཟིང་སྨུག་གམ་མུ་མེན་མདོག་ཅན་ལ་ནག་པོ་ཐར་ཐོར་འདྲེས་ཤིང་། ཟེའུ་འབྲུ་ནག་པོ་ཡིན་པ། དབྱིབས་པུ་ཤུད་ཀྱི་མགོ་བོ་ལྟ་བུའམ་བཙན་དུག་གི་མེ་ཏོག་འཆར་འདྲ་ཡོད། འབྲས་བུ་སྨིན་ཚེ་སྐམ་ཚག་གྱོང་བ་ཟུར་གསུམ་འདྲ་བའི་ནང་ས་བོན་ནག་ཞིབ་མང་པོ་ཡོད་པ་བཅས། སྔོ་སྨན་དེ་ཉིད་བོད་ཀྱི་ལྷ་སའི་ཉེ་འཁོར་བྲག་ཡེར་པའི་རྒྱབ་རི་དང་། ལྷོ་ཁ་ཆོས་འཁོར་རྒྱལ། ལ་ཐོག་ཟུར་མཁར་གྱི་ཕུ་སོགས་སུ་སྐྱེ་བ་མང་བར་བཤད་ཅིང་། བོད་ཟླ་བདུན་པའི་ནང་ལོ་སྡོང་མེ་འབྲས་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ག་པུར་ཏིས་ལོས་གློ་རིམས་ཚད་པ་སེལ། །ཞེས་འབྱུང་བ་ལྟར་ནུས་པ་བསིལ་ཞིང་རྩུབ་པས་གློ་ཚད་དང་། རིམས་ཚད། གཉན་རིམས་སོགས་ལ་ཕན་པ་ཡིན། མིང་གི་རྣམ་གྲངས་ལ་ཁྱི་དུག་པ་དང༌། ཁྱི་དུག་སྤྱང་བརྒྱལ། སྔོན་མོ་ཆམ་འདྲེན། ཆམ་པ་ལམ་ལྡོག སེང་གེ་སྦར་རྒྱབ་བཅས་སོ། །

{{#arraymap:ག་བུར་ཏིས་ལོ་

|; |@@@ | | }}