57248
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་ལེགས་འོངས་ཀྱིས་མྱོས་འགྱུར་འཐུངས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སེམས་འཁྲུལ་ཏེ་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའོ། །དེ་ཡང་འོད་ལྡན་ལས་མྱོས་པར་འགྱུར་བ་ལས་ལྡོག་པ་ནི་སེམས་འཁྲུལ་བའི་རྒྱུ་དག་ཁོ་ན་དགག་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་ཤིང་། ཡང་དེ་ཉིད་ལས་ལྟུང་བ་རིགས་ལྔ་དག་ལ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་དང་། ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །དེས་ན་ལུང་རྣམ་འབྱེད་ལས་དགེ་སློང་དག་ང་ལ་སྟོན་པའོ་ཞེས་ཟེར་བ་དག་གིས་མྱོས་པར་འགྱུར་བ་ཐ་ན་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱ་ཞིང་བླུད་པར་མི་བྱའོ་ཞེས་གསུངས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཆང་མཚན་ཉིད་དང་ལྡན་པ་མགུལ་དུ་མིད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མྱོས་པར་འགྱུར་བ་འཐུང་ནའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་མྱོས་པར་འགྱུར་བ་མགུལ་དུ་མིད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །མི་ན་བས་འཁུར་བར་སྲེལ་བ་དང། ལུས་ལ་སྐུད་པ་ནི་ཉེས་བྱས་དང། ནད་པས་དེ་ལྟར་བྱས་པ་ནི་ལྟུང་བ་མེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:མྱོས་འགྱུར་འཐུང་བའི་ལྟུང་བྱེད་
|; |@@@ | | }}