57364
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཅིག་པའི་མེ་ལུག་ཕྱི་ལོ་ ༡༦༦༧ ལོར་མདོ་སྨད་ཙ་ཡུས་མེ་ཏོག་ཤར་དུ་ཡབ་སྙིང་གར་བྱམས་དང་། ཡུམ་གཅོད་མ་ཐར་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ལྷ་བརྟན་བླ་མ་འཕྲིན་ལས་ཕུན་ཚོགས་ལས་རབ་ཏུ་བྱུང་། བཅོ་བརྒྱད་པར་ཤུག་ཤར་རི་ཁྲོད་དུ་སྔགས་རམས་པ་བསོད་ནམས་ཡར་འཕེལ་ལས་མདོ་སྔགས་ལ་སྦྱངས། ཡུལ་དབུས་ཀྱི་འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས་ཏེ་གཞུང་ལུགས་ལ་སྦྱངས། གསང་ཕུའི་དཀའ་བཅུ་བཛད། རྒྱུད་སྨད་དུ་ཞུགས་ནས་སྔགས་ལ་བརྩོན། མདོ་སྔགས་ཀྱི་གཞུང་ལ་མཁས་པར་གྱུར། སྨིན་གྲོལ་གླིང་དུ་གཏེར་སྟོན་ལས་བཀའ་ཆོས་ཅི་རིགས་གསན། རང་ཡུལ་དུ་གཞི་དགེ་བཀྲ་ཤིས་ཆོས་འཁོར་གླིང་གསར་འདེབས་མཛད། དོན་བདུན་པ་རབ་བྱུང་བཅུ་གཉིས་པའི་ཤིང་བྱི་ཕྱི་ལོ་ ༡༧༤༤ ལོར་སྐུ་གཤེགས། གསུང་རྩོམ་ནི་པོ་ཏི་གཅིག་བཞུགས། སློབ་མ་གྲགས་ཆེ་བ་ནི་གཅུང་བློ་གྲོས་རྒྱ་མཚོ་དང་། ལྷ་བརྟན་ཞབས་དྲུང་། མོ་ཏོ་བླ་མ་ཀུན་དགའ་འོད་ཟེར། སྐྱི་ཐང་བློ་བཟང་རྣམ་རྒྱལ། ཏཱ་དབོན་སྤྲུལ་སྐུ། རེབ་ཚ་སྤྲུལ་སྐུ། ཉང་ཚང་ཞབས་དྲུང་། རྔ་རྒོད་ནམ་མཁའ་སེང་གེ་། མུ་ཏོ་རྒྱ་མཚོ་དོན་ལྡན་བཅས་ཡིན། |
{{#arraymap:ཙ་ཡུས་འཕྲིན་ལས་རབ་བརྟན་
|; |@@@ | | }}