57377
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཙ་རི་ཏ་པ་མི་བསྐྱོད་རྗོ་རྗེ་མཆོག་ནི། འཁྲུངས་ཡུལ་མདོ་ཁམས་སྟོད་ཀྱི་བར་ཕྱོགས། གདུང་བྲབ་པར། ཡབ་སྒོམ་པ་ཨ་སྒོམ་དང་། ཡུམ་རྣལ་འབྱོར་མ་རིན་ཆེན་གཉིས་ཀྱི་སྲས་སུ། རབ་བྱུང་གསུམ་པའི་ལྕགས་སྤྲེལ་ ༡༢༠༠ ལོར་སྐུ་འཁྲུངས། དགུང་ལོ་གསུམ་བཞི་ནས་ཀློག་སློབ་ཙམ་གྱིས་མཁྱེན་པ་བྱུང་། ཡུམ་གྲོང་ནས་ཡབ་ཀྱིས་ཇོ་མོ་ཞིག་བླངས། བཅུ་དྲུག་ལ་རིན་པོ་ཆེ་རྡོ་གསོལ་བ། ཁམས་སུ་ཆབ་མདོ་བས་གདན་དྲངས། དབང་བསྐུར་དང་ཆོས་འཁོར་མཛད་ཙམ་གྱིས་ལས་འཕྲོ་སད། ཕྱག་ཕྱིར་འབྲང་ཞིང་བདེ་མཆོག་གི་དབང་བསྐུར་གནང་ནས། གསང་མཚན་མི་བསྐྱོད་རྡོ་རྗེར་བཏགས། ཕལ་ཆེར་ཉེ་གནས་མཛད་ཅིང་། རིན་པོ་ཆེ་ཐུགས་གཏུམ་ལ་ཞལ་ཚ་ཡང་། དགྱེས་པའི་ཞབས་ཕྱི་མཛད། བཅོ་བརྒྱད་ལ་ཕྱག་ཆེན་བསྒོམས་པས། ཉམས་རྟོགས་ལ་བླ་མ་ཐུགས་མཉེས། རྗེ་དུས་མཁྱེན་གྱི་བུ་ཆེན། སེང་གེ་སྐལ་ལྡན་དང་ཕྱི་ནང་གི་དྲི་ལན། གང་ལ་ཡང་ཐོགས་པ་མེད་པས་བླ་མ་མཉེས། རབ་བྱུང་གི་མིང་ལ་གཞོན་ནུ་བྱང་ཆུབ་བཏགས། ཡབ་གྱིས་བེར་དང་ཕྱིང་ཕུལ་བ་དེ། བེར་བླ་མ་ལ་ཕུལ། ཕྱིང་པ་གོན་ནས་ལྡོམ་བུ་མཛད། རྩ་རླུང་གི་ཁྲིད་ཞུས་ནས་བསྒོམས་པས་རས་ཐུབ་བྱུང་། གྲོང་འཇུག་མངོན་དུ་མ་གྱུར། ཟློག་སྒོམ་ཞུས་ཏེ། རྟོགས་པ་ཕུལ་བས་ཤིན་ཏུ་མཉེས། བྱ་བ་གང་ལ་ཡང་མགུར་མཛད་པས། རི་ཆུང་བ་ཁྱོད་མགུར་གྱི་བཀའ་བབ་པ་ཡིན་གསུངས། མགུར་ཚོགས་མང་པོ་བཞུགས། ཞོ་ཏི་སྒང་དུ་ཟླ་བ་དགུ་འདག་སྦྱར་བྱས། རི་ཆུང་བ་ཁྱོད་ལོ་བཞི་བཅུ་ན། ཀློ་མོན་ལ་སོང་དང་གདུལ་བྱ་མང་པོ་ཡོང་ཚེ་ལ་ཡང་བར་ཆད་མེད། ཞེས་པའི་ལུང་བསྟན་མཛད། རོབ་ཏུ་བཞུགས་པའི་སྐབས་ཤིག་ལ། བླ་མ་སྐུ་གཤེགས། ཞོ་ཏིར་བྱོན་ནས། གདུང་གི་ཞབས་ཏོག་མཆོད་འབུལ་ཞེ་ཚིམ་པ་བྱས། ཞོ་ཏིའི་གདན་ས་བླ་མ་ཤེས་རབ་བློ་གྲོས་ལ་གཏད་ནས། གླིང་ཀློང་དུ་བླ་མ་ཤེལ་དེལ་བའི་མདུན་དུ་བསྙེན་རྫོགས་མཛད་ནས། གདན་ས་བ་ཞོ་ཏིར་བྱོན། བླ་མའི་གདུང་རྟེན་བཀྲ་ཤིས་སྒོ་མང་གསུམ་བཞེངས་ནས་སློབ་རིས་ཐམས་ཅད་ཚོགས་ཏེ། རབ་གནས་ཚུལ་བཞིན་མཛད། བཞུགས་གནས་ཀྱི་གཙོ་བོ་ཙོ་ཏོ་རི་ལ་མཛད་ཅིང། ལ་རོབ་ཟླ་ངོམ་གྱི་སློབ་རིས་ཐམས་ཅད་ལ་ཟབ་ཁྲིད་གང་འོས་སུ་གནང་བས། རབ་འབྲིང་མཐའ་གསུམ་གྱིས་ལམ་ངོ་འཕྲོད་པ་བྱུང་། སད་རུ་བཟའ་འཛུམ་མེ། ཇོ་མོར་བླངས་པ་ལ། འགའ་ཞིག་མ་དད་སྐུར་པ་བཏབ་པས། དགག་སྒྲུབ་གང་ཡང་མེད་གསུངས། དགུང་ལོ་དོན་བརྒྱད་པ་མེ་གླང་ ༡༢༧༧ ལོའི་སྟོན་འབྲིང་ཉེར་བརྒྱད་ཀྱི་ཉི་མ་རི་རྩེར་ཤར་བའི་ཚེ། ཆོས་ཀྱི་དབྱིངས་སུ་སྐུ་ཡལ་བ་ན། སྐུ་བཀྲག་མདངས་དཀར་ལམ་གྱིས་དར་ལ་བབ་པའི་ཚོད་ཙམ་དུ་མཛེས་པར་གྱུར། ཐུགས་མ་ཚིག་པར་བྱོན། གཞན་ཡང་བདེ་མཆོག རྡོ་རྗེ་རྣལ་འབྱོར་མ། དུང་གཡས་འཁྱིལ། རིང་བསྲེལ་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་བྱོན། དེའི་སློབ་མའི་གཙོ་བོ་དཔལ་ཁང་པ་ཡིན་ནོ། ། |
{{#arraymap:ཙ་རི་ཏ་པ་མི་བསྐྱོད་རྡོ་རྗེ་
|; |@@@ | | }}