57397
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི་བྱམས་པ་རིན་པོ་ཆེས་རྫོགས་ཆེན་སེམས་ཕྱོགས་ཀྱི་བསྟན་པའི་བདག་པོར་ལུང་བསྟན། ཀཿ་ཐོག་ཆོས་རྗེ་ཡབ་སྲས་ཀྱི་སྙན་བརྒྱུད་གདམས་པའི་མཛོད་ལ་མངའ་དབང་འབྱོར། ཉ་བྲོ་བ་དྲུང་ཐུགས་རྗེའི་ཡེ་ཤེས་དང་རྡོ་རེབ་རྒྱ་དཔོན་པ་སྟོན་པ་དབང་འབྱོར་སོགས་མཁས་དང་གྲུབ་པའི་སྐྱེས་མཆོག་བརྒྱུད་འཛིན་གྱི་སློབ་མ་མང་དུ་བྱོན། གོ་འཇོ་ཨ་དཀར་ཙ་སྡེ་དགོན་གསར་དུ་བཏབ། ཞྭ་ནག་པ་ནམ་མཁའ་རྡོ་རྗེ་ཞེས་པའི་མཚན་གྱིས་སྙན་གྲགས་ཕྱོགས་མེད་དུ་ཁྱབ། ཆོས་བརྒྱུད་དང་སློབ་བརྒྱུད་ཀྱིས་ཁམས་དབུས་ཀུན་ཏུ་ཁྱབ་པས་ད་ལྟ་མདོ་དབང་ཟུར་ལུགས་དང་དབུས་ལུགས་སོགས་ཀྱི་བརྒྱུད་ཚུལ་ལོ་རྒྱུས་ཁུངས་མ་རྣམས་ལས་གསལ་བ་ལྟར་རོ། ། |
{{#arraymap:ཙ་སྡེ་བ་ནམ་མཁའ་རྡོ་རྗེ་
|; |@@@ | | }}